《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་བརྩམས་ཆོས་པོད་གསུམ་པ་ལས་ཀྲུང་གོ་གུང་ཁྲན་ཏང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད།
2021.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 100

ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བཞེས་པའི་བརྩམས་ཆོས་པོད་གསུམ་པའི་ནང་དུ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པ་དེ་ཡིན་པ་དང་།     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན་ལ།  ཏང་ནི་ཆབ་སྲིད་མགོ་ཁྲིད་སྟོབས་ཤུགས་ཆེས་ཆེ་ཤོས་དེ་ཡིན།    ཏང་གི་མགོ་ཁྲིད་མེད་ན།  མི་རིགས་བསྐྱར་དར་ནི་སྟོང་བསམ་ཁོ་ན་ཡིན།   ལོ་རྒྱུས་དང་མི་དམངས་ཀྱིས་ང་ཚོའི་ཏང་ལ་འདི་ལྟ་བུའི་གྲུབ་འབྲས་ཤིག་བསྩལ་ཡོད་པས།  ང་ཚོས་སྟོབས་དང་ལྡན་པའི་ཆབ་སྲིད་མགོ་ཁྲིད་ལ་བརྟེན་ནས་འཁུར་འོས་པའི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་དགོས་ཞེས་བསྟན་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཚེ།  ད་གཟོད་དེང་སྐབས་ཀྱི་ཀྲུང་གོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ།   ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བཞེས་པའི་བརྩམས་ཆོས་པོད་གསུམ་པ་བཀླག་ན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་བྱེད་ཐུབ་པ་དང་།    སྲིད་ཏང་འདི་ཅིའི་ཕྱིར་ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་།   ནམ་ཡང་གསོན་ཤུགས་ལྡན་པ།   ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱབ་རྟེན་དུ་གྱུར་བ་བཅས་ལ་རྒྱུས་ལོན་བྱེད་ཐུབ།

 ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བཞེས་པའི་བརྩམས་ཆོས་པོད་གསུམ་པ་ལས། ང་ཚོས་ཏང་ཡོན་བྱེ་བ་དགུ་དང་ས་ཡ་གཅིག་ལྷག་ཡོད་པའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེ་ཤོས་འདིས་མི་དམངས་བླ་མེད་དུ་བརྩི་བའི་བརྩེ་སེམས་དང་རང་ཉིད་བཅོས་སྒྱུར་བྱེད་པའི་ཆོད་སེམས།   ཁྱད་མཚར་གསར་སྐྲུན་བྱེད་པའི་བློ་གྲོས།   རྒྱལ་ཁམས་བདེ་བར་འགོད་པའི་འགན་འཁྲི་བཅས་གསལ་བོར་ཤེས་ཐུབ།   ང་ཚོའི་དམིགས་འབེན་ནི་རླབས་ཆེན་ཞིག་ཡིན་པ་དང་མཉམ་དུ།ཧ་ཅང་བབ་ཆགས་ཤིག་ཀྱང་ཡིན་ཏེ།  མདོར་དྲིལ་ན་ཀྲུང་གོ་མི་དམངས་ཡོངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་རྒྱུ་དེ་ཡིན་ལ།   འདིས་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་གསལ་བཤད་བྱས་ཡོད་པ་དང་།   རུལ་སུངས་ལ་རྒོལ་བའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ཏེ་ང་ཚོའི་ཏང་གི་ངོ་བོ་མི་འགྱུར་བ་དང་རྩ་བ་མི་འགྱུར་བར་ཏང་གིས་རང་ཉིད་ངེས་པར་སྟོབས་ལྡན་དུ་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད་ལ།    རླབས་ཆེན་འཐབ་རྩོད་སྤེལ་བ་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན།  རླབས་ཆེན་ལས་དོན་ལ་སྐུལ་འདེད།  རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་བྱས་ཏེ་ཀྲུང་གོའི་ད་ཡོད་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་ལོ་རྒྱུས་ཁག་ཁུར་རྒྱས་བཤད་བྱས་ཡོད་པར་མ་ཟད།   ཏང་གི་མིག་རྒྱང་རིང་བོ་མཚོན་པར་བྱས་ཡོད་པ་དང་།    མཐའ་གཅིག་ཏུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་གོ་ལ་ཧྲིལ་བོར་བྱས་རྗེས་འཇོག་མཁན།   རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་བྱས་ཏེ་ཏང་གིས་མིའི་རིགས་ཡར་ཐོན་ལས་དོན་ཐད་འབད་འཐབ་བྱེད་པའི་གནས་བབ་ཆེན་མོར་བདེན་དཔང་བྱས་ཡོད།

 ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བཞེས་པའི་བརྩམས་ཆོས་པོད་གསུམ་པ་ལས།   ང་ཚོས་དུས་རབས་གསར་བར་བསྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འདིས་དཀའ་བ་མཐའ་དག་གདོང་གིས་བསུས་ཏེ་ཡང་དང་བསྐྱར་དུ་རྒྱལ་ཁ་བླངས་པར་ཇི་ལྟར་སྣེ་ཁྲིད་བྱས་པ་གསལ་བོར་རྟོགས་ཐུབ།   ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ་ཐོལ་བརྒལ་གསར་པ་མངོན་འགྱུར་བྱས་པ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་གཅོད་པ་བླངས་པ་དང་དབུར་ཐར་མཁྲེགས་གཏོར་གྱི་ཐག་གཅོད་དམག་འཐབ་སྤེལ་བ།   ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་པ་ནས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་བཅོས་སྐྱོང་མ་ལག་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་བ་དང་།    དཔལ་འབྱོར་སྤུས་ཚད་མཐོན་པོའིའཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ་སོགས་ཀྲུང་གོ་ཀྲུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱུན་ཆད་མེད་པར་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཛམ་གླིང་ངོ་མཚར་བར་བྱེད་པའི་ཀྲུང་གོའི་ངོ་མཚར་བྱས་རྗེས་གསར་སྐྲུན་བྱས་པ།   དཔེ་དེབ་སུ་བཀོད་པའི་མི་སེམས་འགུལ་བའི་ཀྲུང་གོའི་གཏམ་རྒྱུད་དག་གིས་ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ།  ཡང་དག་པ་བཅས་ཀྱི་ཏང་ཁག་ཅིག་ཡིན་པར་བདེན་དཔང་བྱས་དང་བྱེད་བཞིན་ཡོད།

ལམ་ཆེན་ལ་མུ་མཐའ་མེད་ན་ལམ་འགྲོ་ལ་མཚམས་འཇོག་མེད་ཟེར་བ་ལྟར། མིག་སྔར་གྱི་རྙོག་འཛིང་གི་གནས་བབ་དང་དཀའ་ཁག་ཆེ་བའི་འགན་འཁྲིར་གདོང་གཏད་དེ་ང་ཚོས་ད་རུང་སྔར་ལས་མང་པོའི་དཀའ་ངལ་དང་ཉེན་ཁ་བསལ་དགོས་པ་དང་།   སྔར་ལས་ཆེ་བའི་རྒྱལ་ཁ་བརྩོན་ལེན་བྱེད་དགོས།   ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག   འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་འཛོམས་པ་དང་མི་དམངས་ཀྱི་བདེ་ཚོར་སྔར་ལས་དྲག་པ།   འཛམ་གླིང་དང་རོགས་རེས་སྔར་ལས་ཆེ་བའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་པ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།