ཡན་ཨན་གྱི་སྙིང་སྟོབས་ལ་ནམ་ཡང་འོད་སྟོང་འཕྲོ་བཞིན་འདུག
2021.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཡན་ཨན་གཙང་པོའི་འགྲམ་རྒྱུད་དུ། ནགས་ཚལ་ཤིན་ཏུ་སྟུག་ལ། ཡན་ཨན་གྱི་པའོ་ཐཱ་རི་བོ་ཀྲོང་ངེར་འགྲེངས་འདུག

ཐེངས་མང་པོར་རྨི་ལམ་གྱི་ཞིང་ཁམས་ནས་ཡན་ཨན་ལ་ལོག་པ་དང་། ཕྱག་ཟུང་གིས་པའོ་ཐཱ་རི་བོ་དམ་པོར་བསྡམས། ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་། གུང་ཁྲན་ཏང་མིའི་གློག་སྒྲོན་གྱི་སྟེགས་བུ་དམར་པོ་རེད།

དམག་འཁྲུག་གི་མེ་ལྕེ་འབར་བའི་ལོ་ཟླ་དྲན་ཐེངས་རེ་རེར། ལོ་ན་གོ་དྲུག་ལ་སླེབས་པའི་རྒན་པོ་ལིག་ཀྲིན་གྱིས་ཧྲའན་པེ་ས་ཆའི་དམངས་གླུ་དུམ་ཚན་ཁ་ཤས་ཡང་བླངས་འོངས། ཁོ་མོས་བཤད་རྒྱུར། སྐབས་དེར་ང་ཚོས་ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྲིང་བལ་འཁེལ་གྱི་ཡོད། དམག་དམངས་ཁྱིམ་ཚང་གཅིག་ལྟར་འཆམ་ཞིང་མཐུན་པ་དང་། དེ་ནི་ངའི་མི་ཚེ་གང་བོའི་ནང་གི་ཆེས་མཛེས་པའི་བརྒྱུད་རིམ་ཞིག་ཡིན་པས། ནམ་ཡང་ངའི་ཡིད་ལ་དྲན་བཞིན་འདུག་ཅེས་བཤད།

1935ལོར། ཀྲུང་དབྱང་དམར་དམག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བརྒྱུད་དེ་ནུབ་བྱང་གི་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་སླེབས་པ་དང་། ཀྲུང་གོའི་གསར་བརྗེ་ཡིས་སྒར་ས་ཆེན་པོ་ཞིག་ཡང་བསྐྱར་བཙུགས། 1937ལོ་ནས་བཟུང་དེ་ལོ་ངོ་བཅུའི་རིང་ལ། གསར་བརྗེའི་གནས་མཆོག་ཡན་ཨན་ནི་ཀྲུང་གུང་ཀྲུང་དབྱང་གི་གནས་ཡུལ་དང་ཀྲུང་གོའི་གསར་བརྗེའི་རྒྱབ་ཕྱོགས་གཙོ་བོ་རེད།

དཔོན་ངན་ཟ་རྔམ་ཅན་མེད་པ་དང་། ཡུལ་གྱི་གཤེད་མ་དང་མི་དྲག་ངན་པ་མེད་པ། ཉབ་ཉོབ་ཀྱི་སྤྱོད་ཚུལ་མེད་པ་སོགས་ནི་མའོ་ཙེ་ཏུང་གིས་བཤད་པའི་ཡན་ཨན་གྱི“མེད་པ”བཅུ་ཡིན་པ་དང་། འཇར་འགོག་དམག་འཁྲུག་གི་རྗེས་སུ་ཡན་ཨན་དུ་ཡོང་བའི་ཤེས་ཡོན་པ་ཁྱོན་བསྡོམས་མི་ཁྲི་བཞི་ལྷག་ཡོད་པ་རེད།

ཡན་ཨན་དུ་ཐོན་རྗེས། ཕྱི་རྒྱལ་དུ་སྡོད་པའི་རང་རེའི་རྒྱལ་ཁབ་ཀྱི་སྤུན་ཟླ་ཁྲེན་ཅ་ཀེན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བསྐྱོད་དེ།“ཀྲུང་གོའི་རེ་བ་ཡན་ཨན་དུ་ཡོད”ཅེས་འབོད་སྐུལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཚོགས་རའི་ཀྲུའུ་ཞིའི་སྟེགས་བུའི་གཡས་གཡོན་དུ་མཱ་ལན་རྩྭ་བཞག་ཡོད། རྩི་ཤིང་འདི་ས་སེར་རི་བོའི་སྟེང་གང་སར་ཁྱབ་ཡོད། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་དཔལ་འབྱོར་བཀག་སྡོམ་བྱས་པའི་དབང་གིས་ཤོག་བུ་དཀྱུས་མ་ཞིག་ཀྱང་“རྒྱས་སྤྲོས་དངོས་རྫས”ཞིག་ཏུ་གྱུར། ཤོག་བུ་གཅིག་མང་ཙམ་འདོན་པ་དང་། ཚགས་པར་གཅིག་མང་ཙམ་དཔར་ན། དགྲ་བོར་རྡུང་རྡེག་མང་ཙམ་གཏོང་ཐུབ་པ་རེད། མཐའ་ཁུལ་དམག་དམངས་ཀྱིས་རང་ཉིད་ཀྱི་ལག་པ་འགུལ་ནས་མཱ་ལན་རྩྭ་ཡིས་ཤོག་བུ་བཟོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཚོགས་ཀྱི་ཡིག་ཆ་ཚང་མ་མཱ་ལན་ཤོག་བུ་བཀོལ་སྤྱོད་བྱས་ནས་པར་དུ་སྐྲུན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བདུན་པས་མའོ་ཙེ་ཏུང་གི་དགོངས་པས་ཏང་ཡོངས་ཀྱི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དང་། ཡང་དག་པའི་བསམ་བློའི་ལམ་ཕྱོགས་དང་། ཆབ་སྲིད་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་གཏན་འཁེལ་བྱས་པས། ཏང་ཡོངས་ལ་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཡན་ཨན་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མི་སྐྱེད་སྲིང་བྱས་པ་ནི་ང་ཚོ་ཏང་གི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་རེད། རྒྱུན་འཁྱོངས་ལྷོད་མེད་སྒོས་ཡན་ཨན་སྙིང་སྟོབས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པར་སློབ་གསོ་གཏོང་དགོས་ན། ཐོག་མའི་བསམ་འདུན་གསོ་སྐྱོང་བྱས་ནས། དེའི་ཁྲོད་དད་མོས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། ཏང་གཤིས་ཀྱི་བར་ཁྱད་འཚོལ་བ། མདུན་སྐྱོད་ཀྱི་ཁ་ཕྱོགས་ཁ་གསལ་བོ་བཅས་ཡིན་དགོས།

ལོ་ན་གོ་གཉིས་ལ་སླེབས་པའི་རྒན་པོ་ཚའོ་ཁའེ་ནི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཞིག་ཡིན་པ་དང་། ལོ་འདི་དག་གི་རིང་ལ། ཁོས་ཡན་ཨན་སྙིང་སྟོབས་ཀྱི་འོས་འགན་དྲིལ་སྒྲོག་བྱ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་མ་ཟད། ཁོང་གིས་ད་དུང་རང་གི་ཁྱིམ་མི་དང་མཉམ་དུ་མ་དངུལ་གྲབས་གསོག་བྱས་ཏེ། ཡན་ཨན་སྙིང་སྟོབས་ཀྱི་སློབ་གསོའི་རྟེན་གཞི་ཞིག་བཙུགས་པ་དང་། ད་ལྟའི་བར་དུ་མི་ཐེངས་ས་ཡ་གསུམ་ལྷག་ལ་སྒྲོག་འགྲེལ་བྱས་མྱོང་། ཁོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། སྐབས་ཐོག་དེར། ངེད་ཚང་གི་སྤུན་བརྒྱད་པོ་གསར་བརྗེའི་བྱ་བའི་ནང་ཞུགས། ངས་ཡན་ཨན་གྱི་སྙིང་སྟོབས་དེ་མགོ་ནས་མཇུག་བར་བཤད་རྒྱུ་ཡིན། རྒྱུ་མཚན་ནི་ང་རང་ཏང་ནང་དུ་ཞུགས་པའི་སྐབས་སུ། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་ཚེ་གང་བོར་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་མྱོང་བས་ཡིན་ཞེས་བཤད།

བརྗིད་ཉམས་ལྡན་པའི་པའོ་ཐཱ་རི་བོས། ཀྲུང་གོ་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བདེན་དཔང་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་མཚོན་པར་བྱས་ཡོད།

2019ལོར་ཡན་ཨན་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་བདེ་བླག་ངང་ཕུད་ཐུབ་པ་བྱུང་། ཡན་ཨན་གྱི་བུ་དང་བུ་མོ་ས་ཡ་གཉིས་ལྷག་ཡིད་ཆེས་ཀྱིས་ཁེངས་བཞིན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།