ནད་པ་ལྕི་མོའི་ལྟ་སྐྱོང་ཁང་གི་གོས་དཀར་ལྷ་རྗེ་སྟེ་ཝུའུ་ཧན་གྲོང་ཁྱེར་སྨན་ཁང་གསུམ་པ་ཧྲིག་ཡས་ཁུལ་གྱི་ནད་པ་ལྕི་མོའི་ལྟ་སྐྱོང་ཁང་གི་ཀྲུའུ་རིན་ཏུང་ཧྥང་གིས་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་བཞི་བཅུའི་ཚེ་སྲོག་བསྐྱབས་པ་དང་མོས་ཉེན་ཁ་ཆེན་པོར་འཕྲད་ཀྱིན་པའི་ལས་གྲོགས་མང་པོའི་ཚེ་སྲོག་འགེབས་སྲུང་བྱས་པ་དང་ཐེངས་མང་པོར་ཤི་གསོན་གཉིས་ཀྱི་ཉིན་སྲིབ་མང་པོ་བརྒྱུད། ཁོ་མོ་ནི་གྲ་སྒྲིག་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ལག་ལེན་དངོས་ཀྱི་སྟེང་ནས་དུས་ནམ་ཡིན་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་ཏང་ཞུགས་དམ་བཅའ་ལག་བསྟར་བྱས། ཏུང་ཧྥང་ནི་པྲོག་དབྱིབས་ནད་དུག་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་རྒྱ་ཆེའི་སྨན་པའི་ཁྲོད་ཀྱི་གཅིག་དང་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་གུང་ཁྲན་ཏང་ཡོན་ཡོངས་མཚོན་ཐུབ་པའི་བསྡུས་གཟུགས་ཡིན། ཁོ་ཚོས་རང་གི་ལག་ལེན་དངོས་ཀྱི་སྟེང་ནས་ཆབ་སྲིད་ཀྱི་སྟེང་ནས་བློ་གཏད་རུང་མིན་དེ་གནད་འགག་གི་སྐབབས་སུ་ཡིད་རྟོན་རུང་མིན་ལ་བལྟ་དགོས་ཞེས་པའི་ཁག་ཁུར་དང་དོན་སྙིང་མངོན་པར་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཅིག་གྱུར་སྐུད་འདེད་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་བསྟན་དོན། གནད་འགག་སྐབས་སུ་གདོང་གཏོད་ཐུབ་པ་དང་ཉེན་ཁའི་སྐབས་སུ་རང་སྲོག་གཏོང་ཐུབ་པ་ནི་གུང་ཁྲན་ཏང་ཡོན་གྱི་རང་གཤིས་ངོ་མ་ཡིན། འདས་པའི་ལོ་རྒྱུས་ཀྱིས་རིམས་ནད་སྔོན་འགོག་གི་བྱ་བ་ནི་ལས་སླ་བོ་ཞིག་མིན་པ་དང་ཀྲུང་གོའི་བྱ་བ་བདེ་ལེགས་ངང་བསྒྲུབ་ཐུབ་པའི་གནད་འགག་ཏང་ལ་ཐུག་ཡོད་ཟེར།
བྱ་བ་གང་ཡིན་ཡང་གུང་ཁྲན་ཏང་ཡོན་གྱི་དཔེ་སྟོན་གྱི་ནུས་པ་དང་ཁ་འབྲལ་ཐབས་མེད།
གུང་ཁྲན་ཏང་ཡོན་སྔོན་ལ་མཆོངས་ཐུབ་པ་དེས་མང་ཚོགས་ལ་སྐུད་འདེད་དང་རྩ་འཛུགས་བྱ་ཐུབ་པར་མ་ཟད། རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་དང་བྱ་གཞག་ཅིག་བསྐྲུན་ཐུབ།
རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་སྐུལ་འདེད་ཀྱི་བྱ་བའི་ཁྲོད་དུ་རིམ་པ་སོ་སོའི་མགོ་ཁྲིད་དང་ལྷག་པར་ཏུ་ཏང་ཡོན་མགོ་ཁྲིད་པས་ཆོད་སེམས་བརྟན་པོས་དཀའ་ཁག་ལས་རྒྱལ་ཐུབ་པ་དང་དགྲ་བོ་སུ་ལ་འང་མགོ་མི་སྒུར་བའི་གསར་བརྗེ་སྙིང་སྟོབས་ཀྱིས་མདུན་དུ་བསྐྱོད་དེ་ལག་ལེན་དངོས་ཀྱི་སྟེང་ནས་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་རང་གཤིས་མཚོན་ཐུབ་པར་བྱས། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་བྱ་བའི་བརྒྱུད་རིམ་ཁྲོད་དུ་སྨན་བཅོས་མི་སྣ་ལས་ཡུལ་དང་པོར་བསྐྱོད་པ་ལས་གཞན་ལས་རིགས་གཞན་དག་གི་མི་སྣ་དག་ཀྱང་དུས་མཉམ་དུ་ལས་ཡུལ་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་གི་བྱ་བར་རོགས་འདེགས་གང་ལེགས་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་པར་རང་ནུས་ཀྱི་སྟོབས་ཤུགས་ཕུལ།
ཧི་པེ་ཞིང་ཆེན་སྤྱི་བདེ་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། རིམས་ནད་མགོ་བརྩམས་པ་ནས་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་ཏུ་ཧི་པེ་སྤྱི་བདེ་ལས་ཁུངས་སུ་མི་དམངས་ཉེན་རྟོག་པ293དང་རོགས་འདེགས་ཉེན་རྟོག་པ111ལ་པྲོག་གསར་གློ་ཚད་རིམས་ནད་འགོས་པ་དང་མི་དམངས་ཉེན་རྟོག་པ་བཞི་པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར། གཞན་ད་དུང་ཉེན་རྟོག་པ་གསུམ་དང་རོགས་འདེགས་ཉེན་རྟོག་པ་གཅིག་བཅས་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ནས་རྐྱེན་ལམ་དུ་ཤོར། ཉེན་རྟོག་པར་རིམས་ནད་འགོས་པའི་གནས་ཚུལ་ལ་གཞིགས་ན་བདེ་འཇགས་ཉེན་རྟོག་པར་རིམས་ནད་འགོས་ཚད་བརྒྱ་ཆའི་ཞེ་བདུན་དང་ཚེག་བཞི་ལ་སླེབས་པ་དང་ཁོ་ཚོ་ནི་རིམས་ནད་འགོས་ཚད་ཆེས་མཐོ་བར་གྱུར། ཁོ་ཚོ་ནི་འཐབ་ཕྱོགས་དང་པོ་ན་ལས་གནས་བརྟན་སྲུང་བྱེད་མཁན་ཆེས་མང་བ་དང་རིམས་ནད་དང་བར་ཐག་ཆེས་ཉེ་བའི་ཉེན་རྟོག་ཚོགས་པ་ཡིན། རྒྱལ་ཡོངས་སུ་རིམས་ནད་བྱུང་བའི་ཟླ་གཅིག་གི་དུས་ཚོད་ནང་དུ་མི་དམངས་ཉེན་རྟོག་པ་ཞེ་དགུ་ལྷག་གིས་གཞུང་དོན་དུ་རང་སྲོག་བློས་བཏང་།
འཐབ་ཕྱོགས་དང་པོ་ན་ཡོད་པའི་གུང་ཁྲན་ཏང་ཡོན་མང་པོས་ཚེ་སྲོག་དང་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་སྐབས་ཀྱི་སྤྱི་ཚོགས་སྒྲིག་ལམ་ལ་གོ་རིམ་ཡོད་པ་དང་མི་དམངས་ཀྱི་འཚོ་བར་འཆམ་མཐུན་བདེ་འཇགས། ཆེས་མཇུག་མཐའི་རིམས་ནད་སྔོན་འགོག་བྱ་བར་རྒྱལ་ཁ་ལེན་པར་ཁག་ཐེག་འདོན་སྤྲོད་བྱས། དེ་དང་མཉམ་དུ་ངེས་པར་དུ་མཉམ་འཇོག་དགོས་པ་ཞིག་ནི་འཐབ་ཕྱོགས་དང་པོ་ན་རིམས་ནད་སྔོན་འགོག་གི་ལས་རྐང་དུ་ཡོད་པའི་ལས་བྱེད་པར་རིམས་ནད་འགོས་པའི་ཉེན་ཁ་ཇེ་ཆེར་སོང་ཡོད་པས་རིམ་པ་སོ་སོའི་སྡེ་ཁག་གིས་ངེས་པར་དུ་རིམས་ནད་སྔོན་འགོག་གི་བྱ་བ་ལེགས་པོར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དུ་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་སྨན་བཅོས་མི་སྣར་སེམས་ཁྲལ་དང་བརྩེ་སེམས་ཕུལ་དེ་རིམས་འགོག་དངོས་པོ་དང་འཚོ་བར་ཁག་ཐེག རིམས་འགོག་བྱེད་ཐབས། སྨན་ཁང་དུ་རིམས་ནད་མི་འགོས་པར་ཤུགས་སྣོན་བྱེད་དགོས། དུས་མཉམ་དུ་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་མི་སྣ་ཚང་མར་སྨན་བཅོས་མི་སྣའི་དམིགས་ཚད་ལྟར་ཏུ་རོགས་རམ་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་ཇེ་ཉུང་དུ་གཏོང་དགོས།
གུང་ཁྲན་ཏང་ཡོན་ཡོངས་ཀྱིས་འགན་འཁྲིའི་ཁག་ཁུར་ལ་ཤུགས་སྣོན་བྱས་ཏེ་ཐོག་མའི་སེམས་འདུན་འགུལ་སྐྱོད་ངོ་མར་བསྒྱུར་བ་དང་འགན་འཁྲིའི་ཁག་ཁུར་ཕྲག་སྟེང་དུ་བླངས་ཏེ་རང་གི་ལས་གནས་སྟེང་དུ་འགན་འཁྲི་ཁུར་ཕོད་པ་དང་བརྩེ་སེམས་ཕུལ་བར་ཤུགས་སྣོན་བྱས་ཏེ་མི་དམངས་མང་ཚོགས་ལ་སེམས་ཁྲལ་བྱེ༣ད་དགོས། དུས་ལྟར་དུ་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ཀྱིན་པ་དང་རེ་སྒུག་བྱེད་ཀྱིན་པའི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། ངེས་པར་དུ་བྱ་བར་གཟབ་ནན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེན་ཁའི་རྒྱུ་རྐྱེན་ལ་ཚད་མཐའི་བསམས་གཞིགས་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། མཇུག་མཐའི་རྒྱལ་ཁ་ལེན་པའི་བར་དུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་བྱེད་དགོས།
རིག་འཛིན་ཐར་གྱིས་བསྒྱུར།