བོད་མིའི་སེམས་པ་ཏང་ལ་འཁྲེང་། གླུ་དབྱངས་སྙན་མོ་ཏང་ལ་འབུལ།
2021.01.31 ཁུངས། ཀློག་གྲངས། 196

བར་སྣང་ནས་པར་ཏུ་བཏབ་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་སའི་རྣམ་པ། (2019ལོའི་ཟླ་8པའི་ཚེས་31ཉིན་པར་རིས།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།


བོད་ལྗོངས།

སའི་གོ་ལའི་ཡང་རྩེ།

ཉི་མ་དང་ཁད་ཉེ་ས།

ཏང་གི་བཀའ་དྲིན་ཉི་མའི་འོད་སྣང་འདྲ།

དུས་ནམ་ཡང་མཐའ་ཡས་པའི་མཐོ་སྒང་དུ་འཕྲོས།

དཀའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་ནས་གནས་འདིའི་མི་དམངས་ཀྱིས་དུས་ནམ་ཡང་ཏང་གི་བཀའ་དྲིན་དྲན་ཡོད།

ཁོ་ཚོར་བཅིངས་འགྲོལ་བཏང་པ་མ་ཟད། 

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་བཅུག

དབུལ་སེལ་མཁྲེགས་གཏོར་བྱས་ནས་འབྱོར་འབྲིང་ལམ་དུ་སྙེག

ཞིང་ས་དྲོན་མོར་ལོ་ལེགས་ཁུར་དུ་ལྕི།

མཐའ་ཡས་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གྱིས་ཁྱབ།

གྲོང་དང་གྲོང་ཁྱེར་ཐམས་ཅད་འབྱོར་ཕྱུག་དཔལ་ལ་རོལ།

2020ལོར། 

བོད་ལྗོངས་ལ་མཚོན་ན་ལོ་རྒྱུས་རང་བཞིན་གྱིས་དབུལ་ཐར་བྱས། 

གཞིས་ཀ་རྩེ་ནི་བོད་ལྗོངས་ཀྱི་མི་གྲངས་ཆེས་མང་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ།  

བོད་ལྗོངས་ཀྱི་དབུལ་སེལ་མཁྲེགས་གཏོར་གྱི་འཐབ་ར་གཙོ་བོའི་གྲས་ཤིག་ཀྱང་ཡིན།  

སྔར་མེད་ཀྱི་དབུལ་སེལ་མཁྲེགས་གཏོར་བྱ་བའི་ཁྲོད་མི་གྲངས་འབུམ་གཅིག་ཁྲི་བདུན་སྟོང་གཉིས་དགུ་བརྒྱ་ལྷག་ཡོད་པ་ཚང་མ་དབུལ་ཐར་བྱས་ཤིང་།

དབུལ་ཕོངས་སྡེ་བ་སྟོང་གཅིག་དྲུག་བརྒྱ་རེ་དགུ་དབུལ་བོ་ལས་ཐར། དབུལ་ཕོངས་ཀྱི་རྫོང་དང་ས་ཁུལ་བཅོ་བརྒྱད་ཡོད་པ་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད།

གནས་སྤོར་བདེ་འགོད་ཀྱི་ས་གནས་ཉིས་བརྒྱ་ཞེ་དྲུག་འཛུགས་སྐྲུན་བྱས་པ་དང་། 

དབུལ་ཕོངས་མང་ཚོགས་ཁྲི་བདུན་ལྷག་ཁྱིམ་གསར་དུ་སྤར་བས། 

མང་ཚོགས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་འབྱོར་ཕྱུག་གི་ལམ་དུ་དགའ་བས་སྙེག 

ཏང་གི་བཀའ་དྲིན་སྨྲ་བསམ་བརྗོད་ལས་འདས་པ་ཞིག་རེད།

《གླུ་དབྱངས་སྙན་མོ་ཏང་ལ་འབུལ》

གླུ་སྐད་འདི་ཁོ་ནས་ད་གཟོད་བོད་ལྗོངས་མི་དམངས་ཀྱི་སེམས་འདུན་མཚོན་ཐུབ།

2021ལོ་ཁད་ཀྱིས་སླེབས་བྱུང་ལ།

 དེ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་འགོ་རྩོམ་པའི་ལོ་ཡང་ཡིན། 

ང་ཚོས་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་དུས་སྐབས་འདི་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བ་དགའ་བས་བསུ་ཞིང་།

 དུས་རབས་གསར་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་འདི་ནས་མཐོ་སྒང་གི་ས་གཞི་ཆེན་པོ་འདི་ཡང་སྔར་བས་གསོན་ཤུགས་ཀྱིས་ཁེངས་ཏེ་མདུན་དུ་བསྐྱོད་ངེས་ཡིན། 

དུས་ད་ལྟར་གཞིས་ཀ་རྩེའི་ཞིང་བ་རྣམས་ཀྱིས་ལོ་སར་ལ་ཕུལ་བའི་རྟེན་འབྲེལ་གྱི་ཁ་གཡང་དྲོན་མོ་མཐོ་སྒང་གི་ས་གཞི་ཆེན་པོ་འདིར་རླུང་ལྟར་གྲགས་ནས་ཡོད།

བབ་ཆགས་པའི་ཞིང་བ་རྣམས་ཀྱིས་ལོ་ལེགས་ཀྱི་སྙེ་མ་མཐོ་རུ་བཏེགས་ནས་མེས་རྒྱལ་གྱི་རི་ཆུ་ནགས་གསུམ་དང་རྒྱལ་བདེ་དམངས་སྐྱིད་ཀྱི་ངང་ཚུལ་ལ་བསྟོད་གླུ་འབུལ་བཞིན་ཡོད།

ལས་ལ་བརྩོན་པའི་འབྲོག་པ་རྣམས་ཀྱིས་དྲི་ཞིམ་འཐུལ་བའི་མངར་ཇ་དྲངས་ནས་རྒྱལ་ཁབ་སྔར་ལས་བདེ་ཞིང་དམངས་རྣམས་སྔར་ལས་སྐྱིད་པར་སྨོན་འདུན་ཞུ་བཞིན་ཡོད།

དྲག་ཏུ་བཞུར་བའི་ཡར་ཀླུང་གཙང་བོ་གནས་འདི་ནས་ཆས་ཤིང་རྔམ་བརྗིད་ལྡན་པའི་ཇོ་མོ་གླང་མ་གནས་འདིར་ཀྲོང་ངེར་འགྱིང་ཡོད།

བོད་ལྗོངས་བཀྲ་ཤིས་པར་གྱུར་ཅིག

མེས་རྒྱལ་བཀྲ་ཤིས་པར་གྱུར་ཅིག


འདི་ནི་2020ལོའི་ཟླ་3པའི་ཚེས24ཉིན་པར་དུ་བཏབ་པའི་ཡར་ཀླུང་གཙང་བོའི་མཐའ་འཁོར་དུ་ཁ་བ་བབས་པའི་རྣམ་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།


པར་གོང་ནི་སྔོན་ཆད་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲའུ་ཤང་མང་ཚོགས་ཀྱི་སྡོད་ཁང་རེད། པར་ཞོལ་མ་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་སྡེ་སྤོར་ས་གནས་རེད། (2018ལོའི་ཟླ9པའི་ཚེས་28ཉིན་རྣམ་རྒྱལ་གྱིས་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།


པར་གོང་མ་ནི་1996ལོར་ཧྲན་ཏུང་ཞིང་ཆེན་གྱིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཞིང་ལས་འཕྲུལ་ཆས་ཐོག་མ་གཞིས་ཀ་རྩེ་ལ་ཐོན་པའི་རྣམ་པ་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་གྱིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ས་གནས་ཀྱི་བོད་རིགས་ཞིང་བ་རྣམས་ལ་ཞིང་ལས་འཕྲུལ་ཆས་བཀོལ་ཐབས་ཁྲིད་བཞིན་པའི་རྣམ་པ་ཡིན། (ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐུབ་བསྟན་གྱིས་པར་བླངས། ) པར་ཞོལ་མ་ནི་2012ལོའི་ཟླ་5བའི་ཚེས་4ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་བོད་རང་སྐྱོང་ལྗོངས་ཀྱི་ཆེས་ཐོག་མའི་ཞིང་ལས་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་དུ་གྱུར་བའི་རྣམ་པ་ཡིན། འདི་ནི་པ་སྣམ་རྫོང་གི་ཞིང་ཁར་བཞག་ཡོད་པའི་ཞིང་ལས་ཀྱི་འཕྲུལ་ཆས་ཡིན། (ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་གྱིས་པར་བླངས། )


བོད་ལྗོངས་མི་དམངས་ཀྱི་འཛུམ་ཞལ་དྲོན་མོ། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།


གཡོན་གྱི་དང་པོ་ནི་བོད་ལྗོངས་རྙིང་བའི་དུས་སུ་སྲང་མདོར་འཁྱམ་བཞིན་པའི་བུད་མེད་དང་བྱིས་པ་རེད། གཡས་ཀྱི་གོང་མ་ནི་བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་གྱི་སྡེ་བ་ཐོག་མ་སྟེ། འཁོར་སྲུང་སྡེ་བའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་བུད་མེད་རྣམས་ཀྱིས་འཆོར་གོས་གྱོན་ནས་དཔྱིད་འདེབས་ལ་ཆས་བཞིན་པའི་རྣམ་པ་ཡིན། (2019ལོའི་ཟླ་3པའི་ཚེས་16ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཞིན་གྱིས་པར་བླངས།) གཡས་ཀྱི་ཞོལ་མ་ནི་བོད་རིགས་ཤོམ་འགྲོ་བ་ཞིག་བར་སྐོར་དུ་འགྲོ་བཞིན་པའི་རྣམ་པ་ཡིན། (2019ལོའི་ཟླ1པའི་ཚེས་20ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།


ས་སྲོད་དུས་ཀྱི་རི་བོ་ཇོ་མོ་གླང་མ། (2020ལོའི་ཟླ4པའི་ཚེས་22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེ་ཡིས་པར་བླངས།)


གཡོན་གྱི་གོང་མ་ནི1954ལོའི་ཟླ12པའི་ཚེས25ཉིན། ཁམས་བོད(ད་ལྟའི་ཁྲོན་བོད)དང་མཚོ་བོད་གཞུང་ལམ་གཉིས་ནས་རླངས་འཁོར་བདེ་བླག་ངང་ལྷ་སར་འབྱོར་ཐུབ་པ་བྱུང་། པར་འདི་ནི་ཕོ་བྲང་པོ་ཏ་ལའི་མདུན་དུ་རླངས་འཁོར་ཤར་གཏོང་བྱུང་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན། གཡོན་གྱི་ཞོལ་མ་ནི་མཚོ་བོད་ལྕགས་ལམ་བརྒྱུད་པའི་མེ་འཁོར་ལྷ་སར་འབྱོར་བའི་རྣམ་པ་ཡིན། (2016ལོའི་ཟླ6པའི་ཚེས་27ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།) གཡས་ཀྱི་གོང་མ་ནི་ཇོ་མོ་གླང་མའི་ཕྱོགས་ལ་བསྐྱོད་པའིམགཞུང་ལམ་ཡིན། (2017འི་ཟླ5འི་ཚེས་19ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།) གཡས་ཀྱི་ཞོལ་མ་ནི་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་ཟིའི་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པའི་རྣམ་པ་ཡིན། (2011ལོའི་ཟླ7པའི་ཚེས་26ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གཅོད་ཁོ་ཡིས་པར་བླངས།)