མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐོར་སྐྱོད་མཛུབ་ཁྲིད་བྱ་བའི་བཀོད་སྒྲིག་གྲོས་ཚོགས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི་བཅུ་གཉིས་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། སྐོར་སྐྱོད་མཛུབ་ཁྲིད་བྱ་བར་ཤུགས་སྣོན་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བདེ་ཐང་ངང་སྤེལ་བར་ཁག་ཐེག་བྱེད་པ་དང་ཕན་འབྲས་ལེན་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ཏང་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་དགོས་ངེས་བྱེད་ཐབས་ཡིན་པས། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐད་ཀྱི་རེ་བ་སྣ་ཚོགས་ཏང་ཨུ་རེ་རེ་དང་ཏང་ཀྲི་པུའུ་རེ་རེ། ཏང་ཡོན་རེ་རེའི་སྟེང་དོན་འཁྱོན་བྱས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་ལྟ་སྐུལ་བ་བཟང་བོ་བྱེད་དགོས། གནས་ཚུལ་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རིགས་བགར་ནས་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་པ། བྱེད་ཐབས་གསར་གཏོད་ཀྱི་རེ་བ་ལག་བསྟར་བྱེད་པ། གནད་ཕིགས་དངོས་གཉེར་གྱི་མཛུབ་ཁྲིད་པ་བཟང་བོ་བྱེད་པ། སློབ་སྦྱོང་སློབ་གསོ་སྤེལ་བ་དང་མིག་སྔའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་གཉིས་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་དོན་སྣ་ཚོགས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་འགུལ་སྐྱོད་དངོས་ལ་བསྒྱུར་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤུས་ཚད་ཞིབ་དཔྱད་པ་བཟང་བོ་བྱེད་པ་དང་། ཆེད་དོན་སློབ་སྦྱོང་དང་ཆེད་དོན་གསོ་སྦྱོང་ཟབ་མོར་སྤེལ་བར་དམ་དུ་དམིགས་ནས་འགག་སྒོ་དམ་སྲུང་བྱེད་པ། ཆབ་སྲིད་སྣེ་ཁྲིད་ཀྱི་གཞི་ཁྱོན་ལ་དམ་དུ་དམིགས་ནས་འགག་སྒོ་བརྟན་སྲུང་བྱེད་པ། མང་ཚོགས་ལ་དོན་དངོས་སྒྲུབ་པའི་ནུས་ཤུགས་ལ་དམ་དུ་དམིགས་ནས་འགག་སྒོ་བརྟན་སྲུང་བྱེད་པ། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱི་ཚད་ལ་དམིགས་ནས་འགག་སྒོ་བརྟན་སྲུང་བྱེད་དགོས། གནོན་ཤུགས་བརྒྱུད་སྒྲོག་བྱེད་པའི་ལྟ་ཞིབ་པ་བྱེད་པ་དང་། ཏང་ཨུས་བྱ་བ་སྤེལ་བར་རྒྱབ་བརྟེན་ནས། མཛུབ་ཁྲིད་བྱེད་སའི་སྡེ་ཁག་གི་ཏང་ཨུའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། མཉམ་ལས་གྲུབ་པར་བྱས་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ། སློབ་སྦྱོང་སློབ་གསོའི་ཡང་དག་ཁ་ཕྱོགས་དང་བྱ་བའི་ལག་བསྟར་ལ་ཁག་ཐེག་བྱེད་པ། མགོ་གཙོ་དང་པོའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ། བདེན་འཚོལ་དངོས་གཉེར་དང་བྱ་བར་འབད་འཐབ་བྱས་ཏེ། མང་ཚོགས་ཡིད་ཚིམ་པའི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། ཞིང་ཆེན་ཏང་ཨུ་ལ་ཡིད་ཚིམ་པའི་ལན་སྤྲོད་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།