ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས།
2021.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ3པའི་ཚེས10ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་སྐུལ་སློང་གཏམ་བཤད་བྱས་པ་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཏུའུ་ཅེ་ཡིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་ལྡན། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་དང་བྱ་སྤྱོད་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན། ཞིང་ཆེན་ཏང་ཨུའི་བླང་བྱ་ཞིབ་ཕྲ་བཅས་ཀྱི་ཐོག་ཏུ་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་གཏོང་དགོས།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་བྱས་ནས་གོ་བ་ལེན་ཐུབ་པར་དམ་དུ་དམིགས་པ་དང་།  ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལས་དོན་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སློབ་སྦྱོང་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། སྲིད་གྲོས་ཀྱི་ཁྱད་ཆོས་མཚོན་པ། གཅིག་རྒྱུད་གཅིག་འཛིན་དང་གསར་གཏོད་གསར་སྤེལ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་རང་འགུལ་ངང་འགན་འཁྲི་སྒྲུབ་པ་བཅས་ཀྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྲིད་གྲོས་ཀྱི་དཔུང་ཁག་གཉིས་ལ་ཡོངས་སུ་ཁྱབ་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤུས་ཚད་དམ་འཛིན་དང་ཕན་འབྲས་ཐོན་པར་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་གཅིག་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་དང་། ཕྱོགས་གཅིག་ནས་ལོ་འཁོར་གྱི་བྱ་བ་དམ་འཛིན། ཕྱོགས་གཉིས་ཀ་དམ་འཛིན་ནན་མོ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ལེགས་པོ་དང་སྤྱི་བསྡོམས་ལེགས་པོ་བྱེད་དགོས་ལ། ཏང་གི་ཉམས་མྱོང་རྒྱུན་འཛིན་ལེགས་པོ་དང་དར་སྤེལ་ལེགས་པོ་བྱེད་པ། འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་བཅས་བྱས་ཏེ། ནུས་ཤུགས་གང་ཡོད་བཏོན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས་ཟེར།

ཤ་བོ་གསེར་མཚོས་བསྒྱུར།