ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཐེན་ཅིན་དང་ཁྲུང་ཆིན་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས།
2021.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

ཉིན་འདི་འགར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སོ་སོར་ཐེན་ཅིན་དང་ཁྲུང་ཆིན་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ད་དུང་མཐོ་རིམ་སློབ་གྲྭ་དང་དྲན་གསོ་ཁང་སོགས་ལ་སོང་ནས་བརྗེ་རེས་དང་བཞུགས་མོལ་བྱས།

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཝེ་ཀོང་གིས་ཐེན་ཅིན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྟོང་གསུམ་ལྷག་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུར་ཞུགས། ཝང་ཝེ་ཀོང་ད་དུང་ནན་ཁེ་སློབ་ཆེན་དུ་སོང་སྟེ་སློབ་ཆེན་གྱི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་ལྟ་ཞིབ་བྱས་པར་མ་ཟད་དགེ་སློབ་རྣམས་དང་བརྗེ་རེས་དང་བཞུགས་མོལ་བྱས།

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དེང་རབས་ཀྲུང་གོ་ཞིབ་འཇུག་ཁང་གི་མགོ་གཙོ་ཅང་ཧོས་ཀྱིས་ཁྲུང་ཆིན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་ཏེ། ལོ་བརྒྱའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་དགོངས་པ་གསར་བར་གོ་བ་ཟབ་མོ་བླངས་ནས་འཐབ་ལམ་གསར་བར་འབད་པས་བསྐྱོད་དགོས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ་གོ་རིམ་ལྡན་པའི་སྒོ་ནས་འཆད་ཁྲིད་བྱས། ཅང་ཧོས་ད་དུང་ཁྲུང་ཆིན་ཧོང་ཡན་གསར་བརྗེ་དྲན་གསོའི་ཁང་དུ་སོང་སྟེ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།