ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཟི་ལིང་ནས་བསྡུས།
ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཟི་ལིང་དུ་བསྡུས། གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གདན་ཞུ་བྱས་ནས་རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས། དེ་ནི་རང་ཞིང་གི་ཐོག་མར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་རྣམ་པ་བརྒྱུད་དེ་སྨྱན་བྱད་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གནས་ཚུལ་དང་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་རེད།
སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བསྡུས་འཕྲིན་ཚན་ཆུང་གི་ཚན་གཙོ་ཀུང་པོ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཀའོ་པོ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བཀོད་སྒྲིག་གནས་ཚུལ་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་གསོ་སྐོར་སྐྱོད་མཛུབ་ཁྲིད་བྱ་བའི་བཀོད་སྒྲིག་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ལིའུ་ཝེ་ཡིས་མགོ་མཛིན་བྱས།
གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བཏོན་རྗེས། ཞིང་ཆེན་ཏང་ཨུས་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ནས་སྤྱིའི་བཀོད་སྒྲིག་བྱས་པ་དང་། བྱ་བའི་རེ་བ་བཏོན་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ད་ལོའི་ལོ་ཧྲིལ་བོར་ཁྱབ་པར་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཧ་ལམ་དུས་རིམ་གསུམ་དུ་བགོས་ཡོད་དེ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་ནས་བདུན་གཅིག་རྟེན་འབྲེལ་ཚོགས་ཆེན་བར་ནི་དུས་རིམ་དང་པོ་ཡིན་པ་དང་། བདུན་གཅིག་རྟེན་འབྲེལ་ཚོགས་ཆེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བར་ནི་དུས་རིམ་གཉིས་པ་ཡིན་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་སྤྱི་སྡོམ་གྲོས་ཚོགས་བར་ནི་དུས་རིམ་གསུམ་པ་ཡིན། དུས་རིམ་རེ་རེར་སོ་སོར་སློབ་སྦྱོང་ནང་དོན་གཙོ་བོ་དང་ལས་འགན་རེ་བ་ཞིབ་མོ་གཏན་ཁེལ་བྱས་ཡོད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་བཅུ་གཉིས་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དགུ་དང་ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག་གོ་གཉིས་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་བ་སྤེལ།
མིག་སྔར། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་རིམ་པ་བཞིན་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དེ་སློབ་ཁྲིད་དང་པོར་བརྩིས་ནས། གཅིག་བསྡུས་སློབ་སྦྱོང་གྲོས་སྡུར་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་བཏང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་བྱ་བའི་བཀོད་སྒྲིག་ལྔ་དང་ཞིང་ཆེན་ཏང་ཨུས་བཏོན་པའི་ཆེད་དོན་འགུལ་སྐྱོད་དྲུག་ལག་བསྟར་ནན་མོ་བྱས་པ་དང་། གནས་ཚུལ་དངོས་ལ་ཉེ་བར་བྱས་པ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ལ། བྱེད་ཐབས་དང་རྣམ་པ་གསར་གཏོད་བྱས་པ་དང་། ནང་དོན་དང་འདྲེན་བྱེད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། བསམ་ཕྱོགས་བཟང་བོ་དང་བྱེད་ཐབས་བཟང་བོ་གྲུབ་པར་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོས་ཐབས་མང་མཉམ་སྤྱོད་ཀྱིས་གསར་བརྗེའི་རིག་གནས་སློབ་གསོ་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་། གསར་བརྗེའི་སློབ་གསོ་སློབ་ཚན་བཙུགས། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བའི་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྨྱན་བྱད་ཀྱིས་ཆེད་དོན་ལེ་ཚན་འཛུགས་པར་མཛུབ་ཁྲིད་བྱས་ཏེ། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱབ་བསྒྲགས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དང་བྱེད་ཐབས་ཉམས་མྱོང་དྲིལ་སྒྲོག་རྒྱ་ཆེར་བྱས། ཞིང་ཆེན་ཏང་ཨུའི་ཤུགས་ཡོད་སྐུལ་འདེད་དང་དཔེ་སྟོན་སྣེ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་དུ་བརྩིས་ནས། གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། འགན་ཁུར་མི་སྣ་གཙོ་བོས་དངོས་སུ་དམ་འཛིན་བྱས་པ་དང་མགོ་ཁྲིད་དེ་སློབ་སྦྱོང་བྱས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ནན་མོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པར་སྣེ་ཁྲིད་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས།