མཚོ་ལྷོ་ཁུལ་གྱིས་མངོན་གསལ་བཞིའི་རྣམ་པའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་པར་འགན་ལེན་བྱས།
2021.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དམིགས་ཚད་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་བརྗོད་དོན་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་སྣ་མང་གི་སློབ་སྦྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་མངོན་གསལ་བཞིའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཚད་གཞི་མཐོན་པོས་སྐུལ་འདེད་དང་སྤུས་ཚད་མཐོན་པོས་ཕན་འབྲས་ཐོན་པར་འགན་ལེན་བྱས།

བྱ་བ་མྱུར་དུ་སྤེལ་འགོ་བརྩམས་པ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུའི་རྗེས་སུ་མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་བྱ་བའི་ཇུས་གཞི་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་བཟོས་པ་དང་། གྲོས་ཞིབ་ལ་གྲོས་འཆམ་བྱུང་བ་དང་པར་འགྲེམ་བྱས་ཏེ་ལག་བསྟར་བྱས། ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱིས་རིམ་པ་བཞིན་སྐུལ་སློང་ཚོགས་འདུ་བསྡུས་ཏེ་བྱ་བ་ཁག་དོན་འཁྱོལ་ཞིབ་ཚགས་བྱ་བར་སྐུལ་འདེད་བཏང་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྤྱི་འདོམས་འཆར་འགོད་དང་། མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པ། དོན་འཁྱོལ་བྱེད་པར་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བགོས་མཉམ་ལས་དང་ཐུན་མོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

གཞི་རྟེན་ཕུན་སུམ་ཚོགས་པར་བཏང་ནས་སློབ་སྦྱོང་བྱས་པ། ཏང་ཨུ་དང་ཏང་ཙུའུ་གྲོས་ཚོགས་ཀྱི་གྲོས་དོན་དང་པོ་ལག་བསྟར་ནན་མོ་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་རྣམ་བཤད་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་ཁྱབ་བསྒྲགས་བྱེད་པ་དང་སྦྲགས་ཏེ་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་བཀོད་སྒྲིག་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་དང་ཆེད་དོན་ཞིབ་འཇུག་གྲོས་བསྡུར་ཐེངས་བཞིའི་ཡན་བྱེད་དགོས་པར་ཐག་བཅད།

རང་མོས་ལས་སྟངས་ལ་རྣམ་པ་གསར་པ་ཡོད་པར་བྱས་ཏེ་སློབ་སྦྱོང་བྱས་པ། ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་སྟོན་ཁང་དང་ཏང་ཡོན་གྱི་སློབ་གསོའི་རྟེན་གཞི་ཧུར་ཐག་གིས་བསྐྲུན་པ་དང་སྨྱན་བྱེད་གསར་པའི་སྟེགས་བུར་བརྟེན་ནས་དྲ་ལམ་དུ་ཏང་གི་སློབ་ཁྲིད་སྤེལ་པ། དྲ་ལམ་ཏང་གི་ལོ་རྒྱུས་སློབ་གསོའི་གཡུལ་ས་སྐྲུན་པ་བཅས་བྱས། ཏང་གི་ལོ་རྒྱུས་བརྗོད་བྱར་བྱས་པའི་རིག་རྩལ་བརྩམས་ཆོསལས་ཀྱིས་ཁྱེད་དང་འཕྲད་པཞེས་པའི་མི་རིགས་ཀྱི་གླུ་གཞས་འཁྲབ་གཞུང་གསར་རྩོམ་བྱས་ཏེ་ཏང་གི་མཛད་སྒོ་དང་མི་དམངས་ཀྱི་དུས་ཆེན་ཞེས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས།

ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དངོས་གཉེར་མངོན་གསལ་དོད་པོ་ཡོང་བར་བྱས་པ། 《ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲིད་སྟོན་བྱ་བའི་ཇུས་གཞི》གཏན་འབེབས་དང་པར་འགྲེམ་བྱས་པ་དང་། སྐོར་ཞིབ་མཛུབ་ཁྲིད་ཚན་ཆུང་བཅུ་བཙུགས་ནས་སྐོར་ཞིབ་མཛུབ་ཁྲིད་དང་སྐབས་བསྟུན་ཟུར་བཤེར། བརྟག་ཞིབ་དང་བཅར་འདྲི་བྱེད་པ།སྐོར་ཞིབ་ཟུར་ཉན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་ལ་རྗེས་འདེད་མཛུབ་ཁྲིད་ནན་མོ་བྱས་ཏེ་བྱ་བའི་སྣང་ཚུལ་མི་ལེགས་པའམ་རྣམ་པ་ཙམ་ཁྲལ་སེལ་སླ་བཅོས་ཀྱི་དག་ཐེར་བྱེད་པར་སྐུལ་འདེད་ནན་མོ་བཏང་ནས་བླང་བྱ་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡོང་བར་འགན་ལེན་བྱས།

མི་ཕམ་མགོན་པོས་བསྒྱུར།