ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཐེམ་ཆེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་བླང་བྱར་དམིགས་པ་དང་། རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་ཐབས་བརྒྱུད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། དུས་ཐོག་ཏུ་པུའུ་སྡེ་ཁག་གི་སྐུལ་སློང་གྲོས་ཚོགས་བསྡུས་ནས་བཀོད་སྒྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་ལ། སློབ་སྦྱོང་གི་འཆར་གཞི་གཏན་འབེབས་བྱས་པ་དང་། ལས་འགན་གྱི་གསལ་ཕྲ་སྣེ་ཁྲིད་དུ་བྱས་ནས། སློབ་སྦྱོང་སློབ་གསོའི་ནང་དོན་གཏན་དང་བྱེད་ཐབས། རེ་བ་གཏན་ཁེལ་གསལ་བོ་བྱས་པ་དང་། སློབ་སྦྱོང་སློབ་གསོའི་ཁ་ཕྱོགས་ཇེ་བརྟན་དུ་བཏང་། པུའུ་ཡི་འགོ་ཁྲིད་ལས་བྱེད་པའི་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཚོགས་འདུའི་གླེང་གཞི་གཙོ་བོར་བྱས་ལ། པུའུ་ནང་ཁུལ་དུ་གཟའ་འཁོར་གཅིག་ནང་གི་རྒྱུགས་ལེན་དང་ཟླ་གཅིག་གི་དཔྱད་འཇོག དུས་ཚིགས་གཅིག་གི་སྙན་ཞུ་སོགས་རྐྱེན་སྲོལ་བཙུགས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དམ་འཛིན་བཟང་བོ་བྱས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་པུའུ་སྡེ་ཁག་གི་གཟའ་ཕུར་བུའི་དགོང་མོའི་མཚན་ཀློག་འཛིན་གྲྭའི་གཏན་ཁེལ་སློབ་སྦྱོང་ནང་དོན་དུ་བྱེད་པའི་རྨང་གཞིའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ་དང་མའོ་ཙེ་ཏུང་དང་ཏིན་ཞོ་ཕིང་། ཅང་ཙི་མེན། ཧུའུ་ཅིན་ཐའོ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་བསྡུས་སྒྲིག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་དྲིས་ལན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས་སོགས་ངེས་སྦྱོང་དཔེ་དེབ་ཁྲོད་བཞག་སྟེ། བྱེད་ཐབས་སྣ་མང་སྤྱོད་པ་བརྒྱུད་དེ། རྩ་འཛུགས་བྱ་བའི་ལས་བྱེད་པས་སློབ་སྦྱོང་ཟབ་མོ་དང་གོ་དོན་མཐིལ་རྟོགས་བྱེད་པར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།