མཚོ་བྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་།​
2021.04.14 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 20

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། མཚོ་བྱང་ཁུལ་གྱིས་བསམ་བློར་སྐུལ་སློང་དང་ཆེད་དོན་སློབ་གསོ། ཆེད་དོན་ཞིབ་འཇུག་བགྲོ་གླེང་། རྩོམ་ཡིག་དང་ཟུང་འབྲེལ། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་ཀྱི་ཐད་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་འཛུགས་སར་ཚད་གཞི་མཐོན་པོས་ཇུས་འགོད་དང་ཚད་གཞི་མཐོན་པོས་བཀོད་སྒྲིག སྤུས་ཚད་མཐོན་པོས་སྐུལ་འདེད་བཅས་གཏོང་བར་འགན་ལེན་བྱས།

བསམ་བློར་སྐུལ་སློང་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། 

ཚོགས་འདུའི་བླང་བྱ་ལྟར་དུ་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱེད་པ་དང་སེམས་གཏམ་བཤད་རེས། བསམ་ཚུལ་བཤད་པ་སོགས་བྱ་ཐབས་ནུས་ལྡན་སྤྱད་དེ་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཞེས་པའི་ངེས་སྦྱོང་སློབ་ཚན་དེ་ལེགས་པོར་སྦྱོང་ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བར་ཁྲིད་སྟོན་བྱས་ཡོད། མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ་དང་མཚོ་བྱང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ནན་ནན་ཏིག་ཏིག་སྒོས་དམ་འཛིན་དང་དོན་འཁྱོལ་བཅས་བྱས་ནས་ཏང་གི་ལོ་བརྒྱའི་རླབས་ཆེན་གྱི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མུ་མཐུད་དུ་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡིད་ཆེས་ཡོད་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་རྒྱུར་སྐུལ་ལྕག་བྱས་ཡོད།

ཆེད་དོན་སློབ་གསོའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ།

“ཉི་མ་རེ་རེར་ཀློག་པ”དང“གཟའ་འཁོར་རེ་རེར་སློབ་སྦྱོང་བྱེད་པ”“ཟླ་བ་རེ་རེར་སྒྲོག་འགྲེལ་བྱེད་པའི”བླང་བྱ་གཞིར་བཟུང་སྟེ། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས།“འགག་རྩའི་ཉུང་ཤས”ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་རྨང་གཞིའི་ཐོག ལས་བྱེད་པ་གར་སྟེགས་ཐོག་ཏུ་སོང་ནས་མྱོང་ཚོར་གླེང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ལ་མུ་མཐུད་དུ་དམ་འཛིན་གང་ལེགས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་དང་རང་འགུལ་ངང་སློབ་སྦྱོང་དང་ཡིད་རྟོན་རྣམ་དག་གིས་སློབ་སྦྱོང་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཏང་ཡོན་གྱི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པར་བྱས་ཡོད།

ཆེད་དོན་ཞིབ་འཇུག་བགྲོ་གླེང་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། 

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དཀའ་ངལ་མང་བ་དང་གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་རྣོ་ངར་ཆེ་བ། འཕེལ་རིམ་དལ་བ་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། བརྗོད་དོན་ལ་དམ་པོར་དམིགས་ཤིང་དུས་ཚོད་དང་མཚམས་ཚིགས་གཞིར་བཟུང་ནས་རིམ་པ་དང་རིགས་དབྱེ་ནས་གོ་རིམ་བཞིན་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་། བརྟག་ཞིབ། དཀའ་གནད་སེལ་བའི་བཅའ་ཁྲིམས་ལ་ཞིབ་འཇུག་བྱེད་པ་བཅས་བྱས་ཏེ་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་གོ་བ་གཏིང་ཟབ་བླངས་ནས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པར་བྱེད་པ། གཙོ་འཛིན་གྱི་བསམ་བློར་ཤེས་རྟོགས་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་ཤུགས་ཇེ་ཆེར་བཏང་སྟེ། སློབ་སྦྱོང་ལ་བསམ་གཞིགས་དང་ལག་ལེན་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་སློབ་སྟོན་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཇེ་ཆེར་བཏང་ཡོད།

རྩོམ་ཡིག་དང་ཟུང་འབྲེལ་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། 

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་དུས་མཚུངས་སུ“མཚོ་བྱང་ལྔ”དང“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཛུགས་སྐྲུན་གྱི་བླང་བྱར་གཞི་ཚུགས་ནས། མཚོ་བྱང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ་སློབ་སྦྱོང་གི་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཀྱི་ཁྲོད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལས་དོན་དངོས་མངོན་འགྱུར་ཡོང་བར་བྱས་ནས“ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་སྐུལ་འདེད། ཕྱོགས་གཉིས་མཐོར་འདེགས”བཅས་ཐུབ་པ་བྱས་ཏེ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཁྲོད་མཚོ་བྱང་ཕྱོགས་སྒྱུར་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།

རྩ་འཛུགས་ཀྱི་འགོ་ཁྲིད་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། 

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བར་འཛིན་པ་དང་སློབ་སྦྱོང་སློབ་གསོའི་དུས་མཚམས་རང་བཞིན་གྱི་བླང་བྱ་གཞིར་བཟུང་། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་ལས་དོན་གྱི་འཆར་གཞི་སྔོན་ལ་ཇུས་འགོད་བྱེད་པ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འགོ་ཁྲིད་ཚོགས་ཆུང་། འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཚོགས་འདུ་བཅས་འཚོགས་ཏེ། གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་གཙོ་གནད་ལས་དོན་བཀོད་སྒྲིག ཆེད་དོན་ཇུས་གཞི་ཞིབ་ཚགས་སུ་བཏང་ལ། རྣམ་གྲངས་རེ་རེ་བཞིན་ལས་འགན་ཁག་བགོས་བྱས་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ཚོགས་འདུ་སྐོང་ཚོགས་དང་ལྟ་སྐུལ་ཞིབ་བཤེར་གཏིང་ཟབ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དུས་ཐོག་ལ་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ལྷུང་གི་རང་བཞིན་ལྡན་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད། ཕྱི་ཚུལ་རིང་ལུགས་དང་ཁྲལ་སེལ་སླ་བཅོས་བྱེད་པའི་རིགས་སྔོན་འགོག་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཡོད།