ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་ལངས་ཁུངས་ཀྱིས་སྤེལ་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུད་འོག་གི་དཔེ་ཀློག་བརྗེ་རེས་བྱ་འགུལ་ལ་ཞུགས།
2021.04.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 60

རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་པར་རྒྱུས་ལོན་བྱེད་པ།   ཏང་གཤིས་ཇེ་དྲག་ཏུ་གཏོང་བ་བརྗོད་དོན་ཡིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུད་འོག་གི་དཔེ་ཀློག་བརྗེ་རེས་བྱ་འགུལ་སྤེལ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་དབྱང་གིས་ཏང་ཡོན་ལས་བྱེད་པའི་འཐུས་མི་བདུན་གྱི་ཀློག་ཁྲིད་བརྗེ་རེས་གཏམ་བཤད་ལ་གཟབ་ནན་གྱིས་ཉན།  ཁོས་བསྟན་དོན།  རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   རྣམ་པ་སྣ་མང་དང་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་དགོས་ལ། ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་གྲོས་ཀྱི་དཔེ་ཀློག་བྱ་འགུལ་གཉིས་ནུས་ཡོད་མཉམ་བསྲེས་བྱེད་པ་སོགས་བྱས་ནས་སྐུད་ཐོག་སྐུད་འོག་ཟུང་འབྲེལ་བྱེད་པ་དང་། དཔེ་ཀློག་དང་འགན་སྒྲུབ་ཕན་ཚུན་སྐུལ་འདེད་བྱེད་པའི་དཔེ་ཀློག་དང་ལོ་རྒྱུས་སློབ་སྦྱོང་གི་རྣམ་པ་གྲུབ་པར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དོན་དངོས་དང་མཐུན་པའི་སྒོ་ནས་སྤེལ་བ་དང་མི་སེམས་སུ་འཛུལ་བར་སྐུལ་འདེད་གཏོང་དགོས།   ཚས་མས་སློབ་སྦྱོང་ཁྲོད་དུ་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།   ཐུན་མོང་གི་འདུ་ཤེས་གཅིག་སྡུད་བྱེད་པ།   འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ལོ་རྒྱུས་སྦྱངས་ཏེ་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ།   ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བྱེད་པ།  ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བྱེད་པ་བཅས་ཀྱི་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན།  རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འབྲེལ་མཐུད་མཁན་ཡིན་པས།  སྡེ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་ལོ་གཞོན་བློ་མཐུན་རྣམས་ཀྱིས་དུས་ཚོད་དམ་འཛིན་གྱིས་དཔེ་ཀློག་བྱེད་དགོས་པ་དང་།    ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་དགོངས་དོན་ལ་རྒྱུས་ལོན་བྱེད་པ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།  ནུས་པ་མཐོར་འདེགས་གཏོང་བ།   སྤྱོད་ཚུལ་བསྒྱུར་བ་བཅས་ཀྱི་གནད་འགག་ཏུ་བརྩིས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས་ཟེར།

ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཝང་དབྱང་ད་རུང་རྒྱལ་ཡོངས་སྲིད་གྲོས་ཡིག་རིས་ཁང་གིས་བསྒྲུབས་པའི་མཛེས་རྩལ་གསུང་རབ་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས་ཞེས་པའི་ཡིག་རིས་སྒྱུ་རྩལ་གྱི་འཆད་ཁྲིད་ལ་ཞུགས།

                                                          ལྷ་མོ་ཚེ་རིང་གིས་བསྒྱུར།