མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་ཚོགས།
2021.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། དམངས་གཙོ་རིང་ལུགས་གསར་བའི་དུས་སྐབས་ཀྱི་ལོ་རྒྱུས་ནང་དོན་གཙོ་བོར་བྱས་ནས་ཞིབ་སྡུར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཝང་ཅན་ཅུན་གྱི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་། རྡོ་རྗེ་རབ་བརྟན་དང་ཀྲང་ཀོང་རོང་། མགོན་པོ་བཀྲ་ཤིས། ཝང་ཡུས་ཡན། ཡུས་ཚོང་ལི། དབྱིན་པད། མཱ་ཝེ། དབྱང་ཧྥིན་ཁྲུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་པས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆས་སྤྲད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱུའི་སྐྱེས་སྐར་གྱི་དུས་སྐབས་གལ་ཆེན་དང་བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་ཀྱི་བསྣོལ་མཚམས་ཀྱི་གནད་འགག་དུས་་ཚོད་ལ་རྐང་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་གི་དུས་སྐབས་ཀྱི་མཐོ་ཚད་དུ་འགྲེང་ནས། ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་འགྲེལ་བཤད་ཟབ་མོ་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོ་དང་བྱ་བའི་བླང་བྱ་གསལ་བཤད་གསལ་བོ་བྱས་ཏེ། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་ཐེངས་རེ་རེ་ནི་གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་བསམ་བློའི་ཟུར་ཁྲིད་སློབ་ཁྲིད་དང་། ལོ་རྒྱུས་ལ་རྒྱུས་ལོན་བྱས་ནས་དཔེ་ལྟ་རུ་བྱེད་པ། མ་འོངས་པའི་གཞི་འཛིན་ས་བྱེད་པའི་ལོ་རྒྱུས་སློབ་གསོ་སློབ་ཁྲིད། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་ཏང་གཤིས་བློ་སྦྱོང་སློབ་ཁྲིད་ཅིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། གོ་དོན་ཕུན་སུམ་ཚོགས་པ་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱར་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ནས། རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ཐད་ནས་དཀའ་ཁག་ཆེ་ཞིང་གཟི་བརྗིད་ལྡན་པ་དང་། བར་ཆད་ཡོད་པ་དང་རྒྱལ་ཁ་ལེན་པ། སེམས་ཤུགས་འདོན་པ་དང་གྲུབ་འབྲས་ལྡན་ལ། ང་ཚོ་ཏང་གིས་དཀའ་ཁག་ཆེ་བའི་གསར་བརྗེའི་འཐབ་རྩོད་བརྒྱུད་དེ། གོམ་པ་རེ་རེ་བཞིན་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ལྡན། རྒྱལ་ཁ་ནས་རྒྱལ་ཁ་དེ་ལས་ཆེ་བ་ལེན་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཡིན། འོད་སྟོང་འབར་ཞིང་དཀའ་ཁག་ཆེ་བའི་ལོ་རྒྱུས་དེར་ཕྱིར་དྲན་བྱེད་པ་ནི། དམར་མདོག་སྲིད་དབང་ནི་ལས་སླ་མོ་ཞིག་མིན་པ་དང་ཀྲུང་གོ་གསར་བ་འཛུགས་སླ་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སླ་མོ་ཞིག་མིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་སྟོབས་ཤུགས་ཆེན་པོར་རྒྱུས་ལོན་གཏིང་ཟབ་བྱེད་པ་ཡིན་ལ། བསམ་བློའི་བློ་སྐྱེད་ཆེན་པོ་ཐོབ་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སེམས་ཞིབ་མོས་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོར་མྱོང་ཚོར་བྱེད་པ་དང་། བློ་དཀར་བའི་ཆབ་སྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་དཔེ་ལྟ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་དཔེ་ལྟ་བྱེད་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། རང་རྟོགས་སྒོས་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་དགོས། སེམས་ཞིབ་མོས་ཡིད་རྟོན་གྱི་སྟོབས་ཤུགས་ལ་མྱོང་ཚོར་བྱས་ནས། ཕུགས་འདུན་ཡིད་རྟོན་བརྟན་པོ་འཛུགས་དགོས། རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གྱི་དད་གུས་པ་དང་བློ་དཀར་བའི་ལག་བསྟར་བ་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་གྱིས་འབད་འཐབ་ཀྱི་ལམ་བུ་རྒྱ་སྐྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་ཆེས་གསར་བ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པས། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་གསུམ་སྦྲེལ་མཐུད་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། ལག་བསྟར་བྱེད་པའི་སྟེང་ཤུགས་བཏོན་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཙོ་འཛིན་གྱི་དགོངས་པ་སྤྱད་དེ་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། ནམ་ཡང་མི་དམངས་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་ཡོད་ཚད་མི་དམངས་ལ་རྒྱབ་རྟེན་པ། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་སྒུག་འབད་འཐབ་ཀྱི་དམིགས་འབེན་དུ་བྱེད་པ། མང་ཚོགས་ཀྱི་སེམས་ཁུར་བྱེད་པ་དང་རེ་སྒུག་བྱེད་པའི་དམངས་ཚིས་དོན་དངོས་བསྒྲུབ་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་སྔར་ལས་མང་པོ་ལ་ཕན་འདོགས་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་ནས་ཕན་འབྲས་མངོན་གསལ་ལེན་པར་སྐུལ་འདེད་གཏོང་དགོས། གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་བྱེད་པ་དང་། ཏང་གི་གཏམ་རྒྱུད་དང་ནུབ་ལམ་དམག་གི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་པ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ་དང་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། གསར་བརྗེ་བའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། འཐབ་ལམ་གསར་བར་ཞུགས་པ་དང་དུས་རབས་གསར་བར་སྐྱོད་པའི་སྙིང་སྟོབས་ཆེར་སྐྱེད་དགོས་ཟེར།

གྲོས་ཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མིས་མཉམ་དུ་ནུབ་ལམ་དམག་རྗེས་དྲན་ཁང་ལ་ལྟ་སྐོར་བྱས།

རིན་ཆེན་མཚོས་བསྒྱུར།