ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྐོར་ཞིབ་མཛུབ་སྟོན་བྱ་བའི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། དུས་རིམ་སྔོན་མའི་མཛུབ་སྟོན་བྱ་བའི་གནས་ཚུལ་ཐད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་དུས་རིམ་རྗེས་མའི་བྱ་བའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུས་ཡན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།
ཝང་ཡུས་ཡན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཏང་ཨུས་སྔ་མོ་ནས་སྐོར་ཞིབ་ཚན་ཆུང་མཛུབ་སྟོན་ཚན་ཆུང་བཅུ་གཉིས་མངགས་ཏེ། ལས་འགན་ལག་བསྟར་དང་། ལྟ་སྐུལ་མཛུབ་ཁྲིད་ནན་མོ་བྱེད་པ། སྐོར་ཞིབ་མཛུབ་སྟོན་བྱ་བར་གཟབ་ནན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དུས་རིམ་རྗེས་མར་སྤྱིའི་རེ་བ་ལག་བསྟར་མཐིལ་ཕྱིན་དང་ཞིབ་བཤེར་ཚད་ལེན་ལེགས་པོར་བྱེད་པའི་གཞི་རྩའི་བྱ་བར་དམིགས་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་ནུས་ཤུགས་འདོན་དགོས་པ་བཞི་ཡི་སྐོར་ཞིབ་མཛུབ་སྟོན་རྒྱ་སྐྱེད་སྒོས་སྤེལ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དམར་པོའི་ཐོན་ཁུངས་དང་དུས་ཆེན་གལ་ཆེན། སྔོན་ཐོན་མི་སྣ་བཅས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོ་ལ་རྩ་འཛུགས་ཞིབ་ཚགས་བྱེད་དགོས། ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་སོགས་རྒྱ་ཆེར་སྤེལ་ཏེ། ས་ཁུལ་སོ་སོའི་ལས་ཁུངས་དག་ལ་གཏན་འཁེལ་གྱི་བྱ་གཞག་སྒྲུབ་ཐག་ཆོད་བྱས་ཏེ་རང་གི་ཁྱད་ཆོས་ལྡན་པའི་སྒྲུབ་ཕྱོགས་ཡོད་པར་མཛུབ་སྟོན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་དང་། ཡོངས་ཁྱབ་རང་བཞིན་དང་ཕྱོགས་ལྷུང་རང་བཞིན། མངོན་གསལ་རང་བཞིན་གྱི་གནད་དོན་ལ་ཁ་གཏད་ནས། རིགས་དགར་མཛུབ་སྟོན་དང་དག་ཐེར་ཡོ་བསྲང་བྱེད་དགོས། ལྟ་སྐུལ་གཙོ་བོར་བཟུང་ཞིང་ཁྲིད་སྟོན་གཙིགས་སུ་བཟུང་ནས། རང་ཉིད་ནས་འགོ་བརྩམས་ཏེ། ཐོག་མར་སློབ་སྦྱོང་དང་། དེ་ནས་ཤེས་རྟོགས་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་རྩ་བའི་རེ་བ་དང་སྲུང་བྱ་་བློ་ཁོག་ལ་ཆུད་ནས། སློབ་སྦྱོང་སློབ་གསོའི་ཐབས་ལམ་ལ་ནང་སེམས་སུ་གདེང་ཚོད་ཡོད་པ་དང་། མཛུབ་སྟོན་བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།