ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་དང་པོ་བསྡུས།
2021.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་དང་པོ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད། ཏང་ཙུའུ་ཁོངས་མི། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁོན་དང་། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་གིས་དམངས་གཙོ་རིང་ལུགས་གསར་མའི་གསར་བརྗེ་དུས་སྐབས་ཀྱི་ལོ་རྒྱུས་ནང་དོན་གྱི་སློབ་སྦྱོང་ལ་འགོ་ཁྲིད་བྱས། འབྲེལ་ཡོད་སྡེག་ཁག་གི་འགན་ཁུར་བས་བསམ་བློ་བརྗེ་རེས་བྱས།

ཀྲང་ཀོང་རུང་གིས་བླང་བྱ་བཏོན་དོན། དམངས་གཙོ་རིང་ལུགས་གསར་མའི་གསར་བརྗེ་དུས་སྐབས་ཀྱི་དཀྱོགས་མཚམས་གལ་ཆེན་དང་ལོ་རྒྱུས་དོན་རྐྱེན་གལ་ཆེན་ལ་གོ་བ་ཡང་དག་ལོན་པར་བྱེད་རྒྱུ་དང་། ཏང་གི་ལོ་རྒྱུས་སློབ་གསོའི་གོ་སྐབས་ཐོབ་དཀའ་བ་དམ་འཛིན་བྱས་ཏེ། དཀའ་སྡུག་ཆེ་ལ་གཟི་འོད་འབར་བའི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་རྒྱུ་དང་གཟི་བརྗིད་ལྡན་ལ་དཀའ་ངལ་ཆེ་བའི་ཁྱད་འཕགས་ཀྱི་ལོ་རྒྱུས་འདི་ལ་ཕྱིར་དྲན་བྱས་ནས། དམར་པོའི་སྲིད་དབང་འདི་ཉིད་ལས་སླ་མོའི་སྒོ་ནས་ཐོབ་པ་ཞིག་མ་ཡིན་པ་དང་ཀྲུང་གོ་གསར་པའང་སླ་མོ་བདེ་མོ་བྱས་ཏེ་བསྐྲུན་པ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱང་ལས་སླ་མོའི་སྒོ་ནས་བསྐྲུན་པ་མ་ཡིན་པ་བཅས་ལ་ངོས་ཟིན་ཟབ་མོ་ཡོད་པར་བྱས་ཏེ། ཏང་གི་མཛད་རྣམ་ཆེན་པོ་དང་བརྒྱུད་རིམ་རླབས་ཆེན་ལ་རྒྱུས་མངའ་ཡོད་པར་བྱེད་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། རྨང་རྐང་བརྟན་པོའི་སྒོ་ནས་བདེན་སྒྲུབ་བྱེད་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་གསོའི་ནང་དོན་གལ་ཆེན་ཡིན་པ་དང་ཏང་གི་ལོ་རྒྱུས་སློབ་གསོའི་འགོ་རྩོམ་ས་དང་རྐང་འཛུགས་སའང་ཡིན་པར་བརྟེན། དཀའ་ངལ་ཆུང་གྲས་སེལ་རྒྱུ་དང་སེམས་འདུན་ཆུང་ངུ་མངོན་འགྱུར་བྱེད་རྒྱུ་ནས་འགོ་རྩོམ་དགོས་པ་དང་། འཐུས་མི་དང་ཁྲིམས་འཛིན་ཞིབ་བཤེར། རྟོག་ཞིབ་ལྟ་ཞིབ་བཅས་ཀྱི་ལས་དོན་ཁྲོད་ནས་ཀྱང་ཏང་གི་ལོ་རྒྱུས་སློབ་གསོ་རྒྱ་ཆེར་སྤེལ་དགོས། གནད་ས་གཅིག་དང་འཆར་གཞི་གསུམ་དཀྱིལ་སྙིང་དུ་བཟུང་ནས། ཕྱོགས་གཉིས་དམ་པོར་འཛིན་པ་དང་ཕྱོགས་གཉིས་ཀ་ནོར་འཆུག་མི་ཡོང་བར་བྱེད་པ། ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་སློབ་གསོར་བརྟེན་ནས་ལས་རིམ་ཁག་སོ་སོའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་བཅས་ལ་འབད་མཐར། གྲུབ་འབྲས་ཆེན་པོར་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་མ་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།