ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་ཚོགས་ཁོངས་མིའི་འཐུས་ཚབ་ཚོགས་ཆེན་ཐེངས་དགུ་པ་ཟི་ལིང་ནས་བསྡུས། ཀྲུང་གོ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱིས་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་སྒྲིག་ཡིག་དག་བཅོས་མ་ཞེས་པར་གྲོས་ཞིབ་བརྒྱུད་དེ་གྲོས་འཆམ་བྱུང་བར་མ་ཟད། འདེམས་བསྐོ་བརྒྱུད་དེ་ལས་འཛིན་ལྷན་ཚོགས་སྐབས་དགུ་པ་བདམས་ཐོན་བྱུང་།
གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་གི་ལོ་རྒྱུས་སློབ་ཚོགས་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། སློབ་ཚོགས་ཀྱི་འགན་ནུས་གནས་ཐིག་གསལ་བོ་ཡོང་བར་བྱེད་པ་དང་། ཏང་གི་ལོ་རྒྱུས་གཙོ་བོར་འཛིན་པའི་ཆབ་སྲིད་ཆོས་ཉིད་རྒྱུན་འཁྱོངས་བྱས་ཏེ། སློབ་ཚོགས་ཀྱི་དགེ་མཚན་འདོན་སྤེལ་དང་ལྟེ་གནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཤེས་རབ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། ཏང་ཆེན་པོའི་ལོ་རྒྱུས་ལས་དོན་གྱི་གྲུབ་ལུགས་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་བྱེད་ཕྱོགས་གསར་པ་ཅིག་ཅར་སྟོན་པ། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་ཚོགས་འདི་ཉིད་སློབ་སྦྱོང་དང་ཞིབ་འཇུག བརྗེ་རེས། དྲིལ་སྒྲོག་མཚམས་སྦྱོར་བཅས་ཀྱི་སྟེགས་བུ་ཆེ་གྲས་ཤིག་ཏུ་འགྱུར་བར་འབད་དགོས་པ་ལས་གཞན། ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་འཛོམས་ལ་ཆུ་ཚད་ཡོད་པ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་རིག་གཞུང་ཚོགས་པ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།