《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གྲོང་ཁྱེར་ཏང་ཨུའི་སྒྲོག་སྤེལ་ཚོགས་པའི་སྒྲོག་སྤེལ་ཇུས་གཞི》ཡི་བླང་བྱ་ལྟར། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། མཚོ་ཤར་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོང་ཁྱེར་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲོག་སྤེལ་ཚོགས་པའི་ཚོགས་མི། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ནེ་མིན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཆེད་དོན་སྒྲོག་སྤེལ་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་ནེ་མཱིན་གྱིས་ཏང་གི་ལོ་རྒྱུས་ཀྱི་འཕེལ་རིམ་དང་སློབ་སྦྱོང་གི་དོན་སྙིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་མཛད་རྗེས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གཙོ་གནད་གསུམ་གྱི་ཐད་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ངེས་ཀྱི་རང་བཞིན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་འགྲེལ་བྱས།
ཚང་མས་མགྲིན་གཅིག་ཏུ་སྙན་ཞུའི་ནང་དོན་ཕུན་སམ་ཚོགས་ཤིང་བསམ་བློ་གཏིང་ཟབ་པ་ཁས་ལེན་པ་དང་། ཕྱིས་སུ་རང་འགུལ་ངང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་བསམ་གཞིག་གཏོང་དགོས་ལ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་ཡིད་ཆེས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་བརྩོན་བཅས་བྱེད་དགོས། རང་གི་ལས་འགན་སྒྲུབ་པའི་ཕན་འབྲས་མཐོར་འདེགས་བཏང་ནས་མཚོ་ཤར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་གི་སྟོབས་ཤུགས་དང་ནུས་པ་འདོན་དགོས་ཞེས་བསྟན།
མི་ཕམ་མགོན་པོས་བསྒྱུར།