ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཞིབ་འཇུག་དང་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཉེ་ལམ་དམངས་གཙོ་རང་ལུགས་གསར་བའི་གསར་བརྗེའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམིགས་ནས་ཞིབ་འཇུག་དང་བགྲོ་གླེང་བྱས། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པ་དང་གཏམ་བཤད།
ཚོགས་འདུའི་སྟེང་དུ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ལིའུ་ཐའོ་དང་ལིའུ་ཁྲའོ། ཚེ་རིང་ཐར། ལིས་ཧུང་ཡཱ་སོགས་ཀྱིས་བརྗེ་རེས་གཏམ་བཤད་གནང་བ་དང་། ཚོགས་མི་གཞན་དག་གིས་ཡིག་ངོས་ཀྱི་གཏམ་བཤད་རྒྱུ་ཆ་སྤྲད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད་སྐབས། ཐོག་མར་དམར་དམག་རྒྱང་སྐྱོད་སྐབས་ཀྱི་ཞང་ཅང་གཙང་བོའི་གཡུལ་འགྱེད་དྲན་གསོ་ཁང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་གུས་འདུད་ཞུས་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གསར་བརྗེའི་ཐོན་ཁུངས་ཡག་པོར་སྤྱོད་པ་དང་ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བར་བླང་བྱ་གལ་ཆེན་བཏོན། དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་གོ་བ་གཏིང་ཟབ་བླངས་ནས་མཚོ་སྔོན་གྱི་གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། ཏང་དང་གསར་བརྗེའི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་ནས་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཡིད་ཆེས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གདེང་ཚོད་འཕེལ་བར་བྱེད་དགོས། འདུ་ཤེས་བཞི་བརྟན་པོ་ཆགས་པ་དང་ཡོད་ཆེས་བཞི་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་མདུན་སྐྱོད་བགྲོད་ལམ་གསར་པའི་ཁྲོད་དཀའ་སྡུག་ལ་དཔའ་མི་ཞུམ་པར་འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་རྩ་བ་སློབ་སྦྱོང་དང་དམིགས་འབེན་སློབ་གསོར་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཟུང་འབྲེལ་བྱས་ནས་ཅིའི་ཕྱིར་སློབ་པ་དང་ཅི་ཞིག་སློབ་པ། ཇི་ལྟར་སློབ་པར་གོ་བ་བླངས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་སློབ་པ་དང་གསར་གཏོད་གསར་སྐྲུན་གྱིས་སློབ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ངས་དམངས་ལ་བྱ་བ་དངོས་སྒྲུབ་པ་ཞེས་པའི་བྱེད་སྒོའི་ཁྲོད་དོན་འཁྱོལ་བྱས་ནས་སྲིད་གཞུང་བྱ་བའི་རྒྱང་ལྟའི་རང་བཞིན་དང་ཁ་གཏད་རང་བཞིན། མ་ལག་རང་བཞིན་མཐོར་འདེགས་བཏང་ནས་གྲུབ་འབྲས་ཕུལ་བྱུང་བླངས་ཏེ་ཏང་བཙུགས་ནས་ལོ་འབརྒྱ་ལོན་པར་བསུ་མ་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།