ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།
2021.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན།   ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   རྩ་འཛུགས་པུའུ་ཡི་པུའུ་ཀྲང་།   ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ།  གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   དྲུང་ཡིག་ཆེན་མོ།   ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚུང་ལི་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་བརྩམས་པའི་ཚུན་ལ།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ངོས་ཟིན་གནད་ལ་འཁེལ་བ་དང་རྩ་འཛུགས་ལ་ཤུགས་ཡོད་པ།   གཙོ་གནད་འབུར་དུ་ཐོན་པ།   ཁྱད་ཆོས་མངོན་གསལ་ལྡན་པས་སློབ་སྦྱོང་སློབ་གསོའི་འགོ་བདེ་བླག་ངང་བརྩམས་པ་དང་གྲུབ་འབྲས་མངོན་གསལ་ཡིན་ལ།  སློབ་སྦྱོང་གི་གནས་ཚུལ་ཧ་ཅང་བཟང་ཟེར།     ཁོས་ནན་གྱིས་བསྟན་དོན།    སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཞིབ་བཤེར་སྙིང་སྟོབས་ལ་དམིགས་ནས་དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་དང་།   གཙོ་གནད་དམ་འཛིན་དང་ལྷུ་ཚིགས་ལ་རྒྱུས་ལོན།   ཁྱད་ཆོས་བསྐྲུན་པའི་ཐད་ཤུགས་འདོན་དགོས་ལ།     རྣམ་པར་ཤུགས་འདོན་པ་དང་།   ཏང་ཡོན་ལས་བྱེད་པས་གོ་བ་ཡང་དག་ལེན་པ་དང་ཡིད་ལ་འཛིན་པ།    སློབ་སྦྱོང་བཟང་བོ་བྱེད་པའི་ཐད་ཤུགས་འདོན་པ།  སློབ་སྦྱོང་སློབ་གསོ་དང་སྐུལ་འདེད་བྱ་བ་གཉིས་ཟུང་འབྲེལ་བྱེད་པའི་ཐད་ཤུགས་བཏོན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ་ཞེས་པར་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱེད་རྒྱུ་དེ་སློབ་སྦྱོང་སློབ་གསོའི་རྩ་གནད་དུ་བྱེད་པ།   ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས།   མཚོ་སྔོན་ཞིང་ཆེན་གྱི་དམར་པོའི་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་།   དུས་ཆེན་སྐབས་ཀྱི་ཏང་གི་ལོ་རྒྱུས་སློབ་གསོ་བཟང་བོར་སྤེལ་ཏེ་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས།    དུས་རིམ་བགར་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་ཏེ་ཏང་གི་མཛད་སྒོ་ཆེན་མོ་དང་མི་དམངས་ཀྱི་དུས་ཆེན་ཞེས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཧུར་ཐག་གིས་བསྐྲུན་དགོས།  མང་ཚོགས་ཀྱི་དཀའ་གནད་གཅིག་བསྡུས་བྱེད་པ་དང་།  ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་ཕན་ནུས་ཐོབ་པར་བྱས་ནས་དོན་བཟང་དང་དོན་དངོས་བཟང་བོར་བསྒྲུབ་དགོས།   རྩ་འཛུགས་འགོ་ཁྲིད་དང་རིམ་པ་དང་རིགས་བགར་མཛུབ་སྟོན་ཟུང་འབྲེལ་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁག་ཁུར་བྱེད་པ།   སློབ་སྦྱོང་སློབ་གསོ་བཟང་བོར་སྤེལ་བ།    མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་ཁྱད་ཆོས་ལྡན་པར་སྤེལ་ཏེ་གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཝང་ཡུས་ཡན་གྱིས་གྲོས་ཚོགས་འགོ་འཛིན་བྱེད་སྐབས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་གཙོ་བོ་གཅིག་བསྡུས་བྱེད་པ།   གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ།   ཆ་འཕྲིན་བརྗེ་རེས་ཇེ་དྲག་ཏུ་གཏོང་བ་བཅས་ལ་དམིགས་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱི་སྟེང་མངོན་པར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ།    ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ་དང་མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ།     ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གསོའི་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་འགན་ཁུར་བློ་མཐུན།   ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་སོ་སོའི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་པ་དང་།   གྲོས་ཁྱེར་དང་ཁུལ། སྡེ་ཁག་ཁ་ཤས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་པ་དང་ཡིག་ཐོག་བརྗེ་རེས་བྱས།   གྲོས་ཚོགས་བརྙན་རིས་ལམ་ནས་བསྡུས་པ་དང་།  གྲོས་ཁྱེར་དང་ཁུལ།  རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

                                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།