ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཏང་གི་རྗེས་སུ་འབྲངས་པའི་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་དང་གཉིས་ལོན་པར་རྗེས་དྲན་ཞུ་བའི་བྱ་འགུལ་ལ་ཞུགས་པ་དང་། སློབ་གྲྭ་ཆེན་མོ་བའི་ལེགས་རྩོམ་གྱེར་འདོན་འཁྲབ་འགྲེམ་ལ་བལྟས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་དང་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ། སྤོབས་པ་ཆེན་པོ་དང་འགན་འཁྲི་ཕྲག་ཏུ་བླངས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་དུས་རབས་ཀྱི་གདོང་ལེན་པ་བྱེད་དགོས་ཞེས་སྐུལ་མ་བཏང་།
ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྤོབས་པ་ཆེན་པོས་ལང་ཚོའི་ཕུགས་འདུན་འཚོལ་སྙེག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། མི་སྒེར་གྱི་མདུན་ལམ་དང་མེས་རྒྱལ་གྱི་ལས་སྐལ་གཉིས་འབྲེལ་མཐུད་བྱེད་པ། མི་སྒེར་གྱི་འཚར་ལོངས་ཡར་ཐོན་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་བ་གཉིས་ཀྱི་ཕན་འབྲས་མཉམ་བསྲེས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་གི་མཆོངས་རྒྱུག་པ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་ཀུན་སྤྱོད་བཟང་བོ་དར་སྤེལ་བཏང་སྟེ། ལང་ཚོའི་མེ་ཏོག་རྣམ་པར་བཀྲ་བར་བྱེད་དགོས། ཀུན་སྤྱོད་ཀྱི་ངོས་ཟིན་ཡང་དག་དང་རང་རྟོགས་ཀྱི་ཀུན་སྤྱོད་འཛུགས་པ། ཀུན་སྤྱོད་ཀྱི་ལག་ལེན་བཅས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། རྒྱལ་གཅེས་དམངས་གཅེས་མི་སེམས་སུ་སིམ་པར་བྱེད་པ་དང་འགུལ་སྐྱོད་ཁྲོད་ལག་བསྟར་བྱེད་པ། འགོ་ཁྲིད་དེ་སྤྱི་ཚོགས་དཔལ་ཡོན་གྱི་དར་སྲོལ་གསར་བ་དར་སྤེལ་བཏང་སྟེ། མི་ཚེའི་རྣམ་འགྱུར་བཟང་བོ་དང་བདེ་ཐང་གི་འཚོ་བའི་སྤྲོ་སྣང་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཟེར།
འཁྲབ་སྟོན་ལ་མ་བལྟས་གོང་དུ། ཞིན་ཁྲང་ཞིང་གིས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ན་གཞོན་འཆད་ཁྲིད་ཚོགས་པའི་གཞུང་ལུགས་དྲིལ་སྒྲོག་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། མདེལ་གཉིས་སྐར་གཅིག་གི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐུན་མོང་སློབ་ཁྲིད་གྲ་སྒྲིག་ཐད་ནས་ཡུལ་དངོས་མཛུབ་སྟོན་བྱས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་དགོངས་དོན་མ་ལག་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བཅངས་པའི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ཞོ་ཅུན་དང་ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིང་བཅས་མཉམ་དུ་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།