མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། མདུན་སྐྱོད་ཀྱི་བགྲོད་ལམ་གསར་བར་ཞུགས་ཏེ། གཟི་འོད་གསར་བ་འཚེར་བར་བྱེད་པའི་ངལ་རྩོལ་དཔེ་ལེགས་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ།
2021.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྙན་ཞུ་ཚོམས་ཁང་ནས་མཉམ་འབྲེལ་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། མདུན་སྐྱོད་ཀྱི་བགྲོད་ལམ་གསར་བར་ཞུགས་ཏེ། གཟི་འོད་གསར་བ་འཚེར་བར་བྱེད་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ།ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བའི་མི་སྣ། ལས་བཟོ་བའི་འཐུས་ཚབ་མི་སྣ་བཅས་མི་སུམ་བརྒྱ་ལྷག་གིས་སྒྲོག་འགྲེལ་ལ་ཉན།

2021ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་བའི་གདོང་ལེན་པའི་མིང་རྟགས་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་མི་སྣས་བྱ་དགའ་ཐོབ་པའི་མྱོང་ཚོར་གཏམ་བཤད་གནང། ཝང་ཡུས་ཧུའེ་དང་མིན་ཆེན་ཧྥིན། ཀྲའོ་ཞིན་ལུའུ། ཀྲུའུ་ཡཱ་ནན་སོགས་སྔོན་ཐོན་མི་སྒེར་བཞི་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཧྲུའུ་ཀྲུའུ་རྫོང་ཁྲལ་དོན་ཅུའུ་ཡན་ལག་ཅུའུ་དང་པོ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་གཞུང་སྒྲུབ་ཁང་བཅས་སྔོན་ཐོན་ཐུན་མོང་གི་འཐུས་ཚབ་ཀྱིས་ཟུར་ངོས་མི་འདྲ་ས་ནས་ཁོ་ཚོས་དཀའ་སྤྱད་འབད་འཐབ་དང་ཡར་སྐྱེད་ལྷོད་མེད་བྱས་པ་དང་མི་སེམས་འགུལ་བའི་སྔོན་ཐོན་ལག་རྗེས་བཤད་པ་དང་། ཁོ་ཚོའི་གཞི་རིམ་དུ་རྐང་འཛུགས་པའི་སྒེར་མེད་བློས་གཏོང་གི་ལས་བཀུར་སྙིང་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་སྤོབས་པ་མངོན་པར་བྱས་ཡོད་ལ། དེས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་བྱས་རྗེས་འཇོག་པའི་ཁྲོད་བཟོ་བའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱེད་ངེས།

གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་བྱས་ནས་རྒྱུན་མཐུད་ངང་ངལ་རྩོལ་འཆད་ཁྲིད་དང་བཟོ་སྐྲུན་པའི་གླེང་སྟེགས། ཀུན་སྤྱོད་གླེང་སྟེགས་བྱ་འགུལ་སྤེལ་ནས། ངལ་རྩོལ་གཟི་བརྗིད་ལྡན་པ་དང་ངལ་རྩོལ་བླ་ན་མེད་པ། ངལ་རྩོལ་རླབས་ཆེ་བ། ངལ་རྩོལ་ཆེས་མཛེས་པ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་དུ་འགྱུར་བར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།