ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་སློབ་སྦྱོང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནང་དོན་གཙོ་བོར་བཟུང་ནས་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་ཀ་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅུན་གྱིས་མགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས། ཝུའུ་ཞོ་ཅུན་དང་ཐིན་ཅ་ཚེ། ཁྲིན་རོས་ཧྥིན། ཝང་ལིས་མེན། ཉིའོ་ཁྲིན་ཡུན། དབྱང་ཀྲི་ཝུན། ཀྲང་ཝུན་ཁུའེ། མ་ཧེ་དབྱིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ལྟེ་གནས་ཚན་ཁག་གི་བློ་མཐུན་གཞན་པས་ཡིག་ཐོག་གི་བརྗེ་རེས་གཏམ་བཤད་རྒྱུ་ཆ་སྤྲད།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཚོགས་རིང་ལུགས་གསར་བརྗེ་དེ་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དེ་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་ལག་བསྟར་བྱེད་དགོས་ལ། ཀྲུང་གོ་གསར་བ་དབུ་བརྙེས་བ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་བར་དུ་མདུན་སྐྱོད་བྱེད་ཐེངས་རེར་བྱས་རྗེས་འཇོག་པའི་སྙིང་སྟོབས་དང་དཀའ་སྤྱད་འབད་འཐབ་བྱས་པ་ནམ་ཡང་བརྗོད་དོན་གཙོ་བོ་ཡིན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་དགོངས་པར་རྒྱུས་ལོན་བྱེད་པ། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། དགོངས་པར་རྒྱུས་ལོན་བྱེད་པའི་གནད་འགག་བྱ་བ་དེ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་སྒྲུབ་སྟངས་དང་འབྲེལ་འདྲིས་དང་གསལ་བོར་ཤེས་པར་བྱེད་པ་དང་། དེའི་ཁྲོད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་རིན་ཐང་རེ་སྙེག བསམ་བློའི་ཉམས་འགྱུར། བསམ་བློའི་བརྩེ་སེམས་བཅས་ཉམས་སུ་མྱངས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ཉུང་ཤོས་གནད་འགག་གི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གོང་རིམ་ནས་འོག་རིམ་ལ་སྣེ་ཁྲིད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་མཐོ་བ་དང་རེ་བ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱེད་དགོས་ལ། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་སློབ་ཁྲིད་བྱེད་པ་དང་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློའི་རང་རྟོགས་ཀྱིས་ཆབ་སྲིད་རང་རྟོགས་ལ་སྐུལ་ལྕག་བྱེད་པ་དང་། ཆབ་སྲིད་རང་རྟོགས་ཀྱིས་འགུལ་སྐྱོད་རང་རྟོགས་ལ་སྣེ་ཁྲིད་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་ལོ་རྒྱུས་བཞིའི་དྲིལ་སྒྲོག་སློབ་གསོ་དམ་འཛིན་བྱེད་པ་ཟུང་འབྲེལ་དམ་པོ་བྱེད་པ་དང་། སློབ་སྦྱོང་དམ་འཛིན་བྱས་ཏེ་བྱ་བར་སྐུལ་འདེད་གཏོང་བ་དང་བྱ་བ་དམ་འཛིན་བྱས་ཏེ་སློབ་སྦྱོང་ལ་སྐུལ་འདེདད་གཏོང་བ་ཟུང་འབྲེལ་དམ་པོ་བྱས་ནས། འཐུས་ཤོར་མི་བྱུང་བ་གཉིས་དང་སྐུལ་འདེད་གཏོང་བ་གཉིས་མངོན་འགྱུར་བྱེད་དགོས་ཟེར།
ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་ཚང་མས་མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་སྟོན་ཁང་ལ་ལྟ་ཞིབ་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།