ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས།
2021.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ6ཚེས་10ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པའི་ལོ་རྒྱུས་ནང་དོན་གཙོ་བོ་བྱས་ནས་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་།  ཞིན་ཁྲང་ཞིན་དང་མགོན་པོ་བཀྲ་ཤིས། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཀྲང་ལིས།  ལིའུ་ཁྲའོ།  ཀྲང་ཙེ་ཅུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་ལྟེ་གནས་ཚན་ཁག་གི་བློ་མཐུན་གཞན་དག་གིས་ཡིག་ཐོག་གཏམ་བཤད་ཀྱི་རྒྱུ་ཆ་སྤྲད།

ཚོགས་འདུ་ལས་བསྟན་དོན། བཅོས་སྒྱུར་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྒོ་འབྱེད་ནི་འབྱོར་ཕྱུག་གི་འགག་སྒོ་ཡིན། སྟོབས་ཤུགས་གང་ཡོད་བཏོན་ནས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་དུ་བཅོས་བསྒྱུར་གྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཐོག་མཐའ་བར་གསུམ་དུ་ལེགས་སྒྲིག་དང་སྒོ་འབྱེད་པའི་འགག་སྒོ་དམ་སྲུང་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་གཏོང་དགོས། བསམ་བློ་ནི་སྟོབས་ཤུགས་ཡིན་ཞིང་། བསམ་བློ་བཅིངས་འགྲོལ་གཏོང་བའི་ཚད་གཞི་མཐོ་ཤོས་ནི་དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་དེ་ཡིན་པས། ཐོག་མཐའ་བར་གསུམ་དུ་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ་གྱིས་རྒྱུན་མཐུད་རྒྱུ་མཐའ་འཁྱོངས། ཆོས་ཉིད་དང་བསྟུན་ནས་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ཏེ་དུས་རབས་གསར་བར་བསམ་བློ་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་པས། ཀྲུང་གོའི་བྱ་བ་ལ་ཞིབ་འཇུག་དང་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།

ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཚོས་མཚོ་སྔོན་གསར་བའི་སྣང་བརྙན་གྱི་བརྗོད་དོན་སློབ་གསོའི་འགྲེམ་སྟོན་ལ་བལྟས།

ཤ་བོ་གསེར་མཚོས་སྒྱུར།