ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་ཏང་དང་རྒྱལ་ཁབ་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས།
ཝང་ལིས་མིང་དང་ཚེ་རིང་ཐར། ལིས་ཧུང་ཡ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཏང་ཙུའུ་ཡི་བློ་མཐུན་གཞན་པས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།
གྲོས་ཚོགས་སྟེང་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་བདེ་བླག་ངང་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་སྲུང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ཀྱིས་དཔའ་ངར་ཆེར་བསྐྱེད་དང་ཁ་ཕྱོགས་གསལ་བོ་སྟོན་པར་མཐོང་ཆེན་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པར་མཐོང་ཆེན་བྱེད་པ། ཏང་གི་ལག་ལེན་གསར་སྐྲུན་དང་ལོ་རྒྱུས་ཉམས་མྱོང་གིས་ཤེས་རབ་ཀྱི་བློ་སྒོ་འབྱེད་ཅིང་མི་གཤིས་ལ་སྐུལ་མ་གཏོང་བར་མཐོང་ཆེན་བྱས་ཏེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས་ལ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གཙོ་འཛིན་གྱི་བརྩེ་བར་རྒྱུས་ལོན་ཡང་དག་བྱེད་པའི་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་ཅི་ཐུབ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་པ་དེས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་ཐུགས་ཁུར་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་མངོན་པར་མཚོན་པས། མི་དམངས་ཀྱི་བདེ་སྡུག་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཁོ་ཚོའི་དོན་དག་བཟང་བོར་བསྒྲུབ་དགོས། གཙོ་འཛིན་གྱི་དགོངས་པར་ཤེས་རྟོགས་གཏིང་ཟབ་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་ཅི་ཐུབ་བྱེད་དགོས། ཁྱོན་ཡོངས་དང་ཡང་དག་པ། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པའི་ངོ་བོ་དང་དོན་སྙིང་གལ་ཆེན། ལག་ལེན་བླང་བྱ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་། ཞིབ་འཇུག་ནན་མོ་དང་འཆར་འགོད་གཏིང་ཟབ། དོན་དངོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་བཏོན་ནས་ཕན་འབྲས་ལེན་དགོས། སྟོབས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་ཅི་ཐུབ་བྱེད་དགོས། སེམས་ཀྱི་ངར་ཤུགས་དང་སེམས་འགུལ་ཐེབས་པ་དེ་སྒུལ་ཤུགས་སུ་བསྒྱུར་བ་དང་ལག་ལེན་དུ་བསྟར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁྱབ་ཁོངས་གལ་ཆེན་འགའ་ལ་དམིགས་ནས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་སྲིད་གཞུང་གི་འགན་ནུས་དང་ཟུང་སྦྲེལ་བྱེད་པ་དང་། དོན་འཁྱོལ་ནན་མོ་བྱེད་པའི་བྱེད་ཐབས་ལ་འཆར་འགོད་ཞིབ་ཚགས་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་རྒྱུ་དམ་འཛིན་བྱེད་དགོས། ཀུན་སྤྱོད་རྟོགས་པ་དང་སྤྱི་བའི་སྤྱོད་བཟང་སྲུང་བ། སྒེར་གྱི་ཀུན་སྤྱོད་གཟབ་ནན་དུ་གཏོང་བ་བཅས་ཀྱི་ཐད་མཐོར་འདེགས་གཏོང་དགོས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དག་གིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ། བྱ་བ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།