ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་རང་ཡོད་སའི་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྨང་གཞི་ནི་སློབ་སྦྱོང་ཡིན་ལ། གཙོ་གནད་ནི་རྒྱུས་ལོན་བྱེད་རྒྱུ་དེ་ཡིན་པ་དང་། གནད་འགག་ནི་ལག་བསྟར་བྱེད་རྒྱུ་དེ་ཡིན། རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་གཉིས་སྦྲེལ་མཐུད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་གཙོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་དང་གཅིག་ཤེས་ཀུན་གྲོལ་བྱེད་པ། སྦྱངས་བ་གོ་ཆོད་པར་བྱེད་པ། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་སྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་དོན་ལ་རྒྱུས་ལོན་བྱེད་པ། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་བསྐྲུན་པའི་དམིགས་འབེན་རེ་བ་མངོན་འགྱུར་བྱེད་དགོས་ཟེར།
ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ལོ་སྟོད་ཀྱི་ཀྲི་པུའུ་བྱ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཀྲི་པུའུ་ཨུ་ཡོན་གྱི་ལྟ་ཞིབ་གནད་དོན་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཀྲི་པུའུ་ཨུ་ཡོན་གྱིས་རང་སྟེང་གི་སློབ་སྦྱོང་དང་བྱ་བའི་གནས་ཚུལ་དངོས། འཚོ་བའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས་སྔ་གཞུག་ཏུ་གཏམ་བཤད་པ་དང་། མྱོང་ཚོར་བརྗེ་རེས་བྱས་པ་དང་བར་ཐག་འཚོལ་བ། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱེད་པ། ལེགས་བསྒྱུར་མཐོར་འདེགས་ཀྱི་འཆར་གཞི་གླེང་བ་བཅས་བྱས། ཞིན་ཁྲང་ཞིང་གིས་གཏམ་བཤད་ལ་ཉན་པ་མ་ཟད། ཚང་མ་དང་བརྗེ་རེས་བྱས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུས་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོ་དང་བརྒྱུད་རིམ་གལ་ཆེན་ཡིན་པ་དང་། དེ་ནི་དུས་རིམ་སྔོན་མའི་སློབ་སྦྱོང་གྲུབ་འབྲས་ལ་ལྟ་ཞིབ་ཐེངས་གཅིག་བྱས་པ་ཡིན་ལ། སློབ་སྦྱོང་སྔར་ལས་གཏིང་ཟབ་བྱེད་འགོ་བརྩམས་པ་ཡིན་པས། བར་ཐག་འཚོལ་བ་དང་ཚད་གཞི་འདོན་པ། མཐོར་འདེགས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ལེན་ཐུབ་པ་བྱུང་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་བྱེད་ན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་ལག་བསྟར་ལ་དོ་སྣང་བྱེད་པ། འགུལ་སྐྱོད་ལ་དོ་སྣང་བྱེད་པ་དང་། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་གནད། སྤྱིའི་གཞི་འཛིན་ས་རུ་བརྩིས་ནས། ཚད་གཞིར་དམིགས་པ་དང་ལག་བསྟར་ནན་མོ་བྱེད་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པར་བྱེད་པའི་སྟེང་ཤུགས་འདོན་ན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་འབད་འཐབ་བརྒྱུད་རིམ་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། མངོན་སུམ་གྱི་གཏན་ཚིགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་ལོ་རྒྱུས་ཀྱི་དགོས་ངེས་རང་བཞིན་དང་མར་ཁེ་སི་རིང་ལུགས་དང་དེ་ཀྲུང་གོ་ཅན་དུ་བསྒྱུར་བའི་གསར་གཏོད་གཞུང་ལུགས་ཀྱི་བདེན་ལུགས་རང་བཞིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཡང་དག་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པའི་སྟེང་ཤུགས་འདོན་ན། ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ཁྲོད་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པའི་སྟེང་ཤུགས་འདོན་ན། སེམས་སྟེང་ནས་རང་རྟོགས་སྒོས་ཏང་ལ་བློ་དཀར་བའི་སྤྱོད་བཟང་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱོད་བཟང་། རང་གཅུན་ནན་མོ་བྱེད་པའི་སྤྱོད་བཟང་གྲུབ་པར་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བའི་སྟེང་ཤུགས་འདོན་ན། བྱ་བ་བཟང་བོར་བསྒྲུབ་པའི་ཁག་ཁུར་དང་བྱ་བ་བསྒྲུབ་ཐུབ་པའི་ནུས་པ། བྱ་བ་ལེགས་འགྲུབ་བྱེད་པའི་འཚོལ་སྙེག་ཇེ་དྲག་ཏུ་གཏོང་བ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ་དེ་གོམས་སྲོལ་ཞིག་ཏུ་བརྩིས་ཏེ། འགན་འཁྲི་ལག་བསྟར་བྱེད་པའི་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་བ་དང་། ལས་དོན་བསྒྲུབ་པའི་སེམས་པ་དང་འགན་འཁྲིའི་འདུ་ཤེས་དྲག་པོས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།