ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ཚེས་བཅུ་དགུ་ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅུ་བ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་འཛུབ་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ནན་མོ་བཏང་།
མཚོ་སྔོན་དུ་ཡོད་པའི་སྐབས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅུ་བ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ཡོད་སའི་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས་པ་དང་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་ལ་ཆེད་དོན་བགྲོ་གླེང་བྱས་པ་དང་། སྔ་གཞུག་ཏུ་ཟི་ལིང་ཡོང་ཧུ་སྡེ་ཚོགས་དང་མཚོ་སྔོན་ཆིན་ཡུའེ་མ་རྐང་དོ་དམ་སྡེ་ཚོགས་ཚད་ཡོད་འགན་ཡོད་ཀུང་ཟི། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་སྟོང་མདའ་སྡེ་བ། དུས་རབས་དཔེ་སྟོན་དྲན་གསོ་ཁང་སོགས་སུ་སོང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་ཉན་པ་དང་། བདུན་གཅིག་བྱས་རྗེས་བཟང་རྟགས་ཐོབ་མཁན་ཝུའུ་ཐེན་ཡེ་ལ་ལྟ་ཞིབ་བྱས། ཡིག་ཆ་ལྟ་ཀློག་དང་ཡུལ་དངོས་ནས་ལྟ་རྟོག་བྱེད་པ། ཏང་ཡོན་དང་མང་ཚོགས་ལ་བརྗེ་རེས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ལ། ངས་དམངས་ལ་དོན་དག་དངོས་སྒྲུབ་པ་ཞེས་པའི་ལག་ལེན་བྱེད་སྒོ་གཞི་རིམ་ནས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
འཛུབ་ཁྲིད་ཚན་ཆུང་གིས་རང་རེའི་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འཕེལ་རིམ་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རྗེས་ཀྱི་བྱ་བར་བླང་བྱ་བཏོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས། གཞུང་ལུགས་ལྟེ་བའི་ཚན་ཆུང་དང་ཆེད་དོན་སློབ་སྦྱོང་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་དེ་སྤུས་ཚད་མཐོ་བའི་སློབ་སྦྱོང་བགྲོ་གླེང་བྱེད་དགོས་ལ། ཏང་གི་གསར་བཏོད་གཞུང་ལུགས་དང་དྲག་ཆས་སྤྲས་པ། ལག་ལེན་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་དོན་འཁྱོལ་བཟང་བོ་བྱེད་དགོས། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་དམར་བོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ཉེ་གམ་གྱི་དཔེ་སྟོན་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་མང་པོའམ་ཕྱོགས་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་བཟང་བོ་དང་དཔེ་མཚོན་བཟང་བོ། གྲུབ་འབྲས་བཟང་བོ་སྔོག་འདོན་བྱས་ནས་ངས་དམངས་ལ་དོན་དག་དངོས་སྒྲུབ་པ་ཞེས་པའི་ལག་ལེན་བྱེད་སྒོ་དམ་འཛིན་བྱས་ཏེ་ཁྱད་ཆོས་འབུར་དུ་ཐོན་པ་དང་གནད་འགག་འཛིན་དགོས་ཤིང་། ཕན་འབྲས་མཐོར་འདེགས་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།