ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་ལེགས་སྐྱེས་འབུལ་དགོས།
2021.08.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

 མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར།  བསྟུད་མར་ཉིན་ཤས་རིང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིའམ་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་ཝང་ཅིན་དང་།  ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པའམ་ཞིབ་འཇུག་པ་སུན་ཧྥ་ཕེན། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་ཁང་གི་འགོ་གཙོ་མ་ཐེན་ཧྲན། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཀྲའོ་ལན་ཡུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ངམ་དགེ་རྒན་ཆེན་མོ་ཝུའུ་ཡུས་མེན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྤྱི་ཚོགས་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་ནམ་དགེ་རྒན་ཆེན་མོ་ཀྲང་ཡུས་ལེང་། མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེ་མོ་ཚུའེ་ཀྲི་ཀྲུང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིས་ཆིའུ་མེས་བཅས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་སྒྲིག་ཁོངས་གཞུང་སྒྲུབ་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཕྱི་ཕྱོགས་ལས་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སི་བཅས་སུ་ཟབ་ཞུགས་བྱས་ནས་སྒྲོག་བཤད་བྱས། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ཏང་ཡོན་ལས་བྱེད་པ2500ལྷག་ཙམ་གྱིས་སྒྲོག་བཤད་སྙན་ཞུར་ནན་ཏན་སྒོས་ཉན་པ་རེད།

སྒྲོག་བཤད་བྱེད་སྐབས། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་དང་གསར་གཏོད་ཀྱི་ལྟ་བར་གོ་བ་ཟབ་མོ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས་ནས་ང་ཚོའི་འཕེལ་རྒྱས་ལ་ཁ་ཕྱོགས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། སེམས་ལ་ངེས་པ། དོན་དངོས་དང་མཐུན་པ་སོགས་ཀྱི་ཐད་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་རྒྱས་བཤད་བྱས་བ་རེད། སྙན་ཞུར་ནན་ཏན་སྒོས་ཉན་རྗེས་ཚང་མས་སྔ་རྗེས་སུ་བསྟན་དོན། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ལ་མ་ལག་ཆ་ཚང་བ། དོན་སྙིང་ཟབ་མོ་ལྡན་པ་བཅས་ནི་གསོན་ཉམས་ལྡན་ལ་གཏིང་ཟབ་པའི་ཏང་གི་ལོ་རྒྱུས་ཀྱི་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་ཐེངས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུའི་ཆེད་འགན་ཧྲུའུ་ཅི་གཞོན་པ་ལིའུ་ཧྲོས་ཆོན་གྱིས་བཤད་རྒྱུར། སྙན་ཞུའི་འགྲེལ་བཤད་ཡང་དག་ལ་གོ་བདེ་བ། ཤེས་སླ་བ། ཆབ་སྲིད་ཀྱི་མཐོ་ཚད་ལྡན་ལ་རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་ཀྱང་ལྡན།  ང་ཚོས་བྱ་བའི་དོན་དངོས་ལ་གཞི་ཚུགས་ནས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་གསུང་བཤད་ཀྱི་དགོངས་དོན་དེ་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། ལས་ཁུངས་འཛུགས་སྐྱོང་སོགས་ཀྱི་བྱ་བ་སྣ་ཚོགས་ཁྲོད་དོན་འཁྱོལ་ཏན་ཏིག་བྱས་ཏེ། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དམངས་འཐུས་ཚོགས་ཆེན་གྱི་ལས་ཁུངས་སུ་དོན་འཁྱོལ་ཡོང་བ་བྱེད་དགོས།

ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་བཟོ་སྐྲུན་ལས་རིགས་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲི་ཞའོ་ཕེན་གྱིས་བཤད་རྒྱུར། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་རྣམ་དག་བྱེད་མཁན་ཞིག་བྱས་ཏེ། དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་རྩ་བའི་འགན་འཁྲི་ཞིག་ཏུ་བརྩིས་ནས་འཛུགས་སྐྲུན་བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བརྟན་པོ་འཁུར་བ་དང་། སྤུས་ཚད་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ།  འཛུགས་སྐྲུན་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ།  བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རེའི་ཞིང་ཆེན་གྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་གྱི་ལས་ཁུངས་ཏང་ཨུའི་ལས་བྱེད་པ་སུན་ཅིན་གྱིས་བཤད་རྒྱུར། སྒྲོག་བཤད་ལས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག” གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ལེན་པ་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད། སླད་ཕྱིན་སློབ་སྦྱོང་གི་ཕན་འབྲས་དེ་དོན་དངོས་ཁྲོད་བཀོལ་སྤྱོད་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་པ་དེ་སྒུལ་ཤུགས་སུ་བརྩི་བ།“ངས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ”དམ་འཛིན་བྱེད་སར་བརྩིས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རང་རེའི་ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་ལེའུ་གསར་པ་རྩོམ་པར་འབད་པ་བྱེད་རྒྱུ་ཡིན་ཟེར།

ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཞིན་གྱིས་བཤད་རྒྱུར། སྒྲོག་སྦྱོང་ལ་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ལྡན་ཡོད་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག” གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པ་བྱ་རྒྱུར་རོགས་རམ་ཆེན་པོ་བྱེད་ཐུབ།  ང་ཚོས་རྒྱུན་ཆད་མེད་པར“འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས” སྒྲུབ་ཐུབ་པ་བཅས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་ཐོག་མའི་བསམ་འདུན་དང་ལས་འགན་དེ་འབད་འབུངས་ཡར་བརྩོན་དང་། གསར་སྐྲུན་གསར་གཏོད་ཀྱི་སྙིང་སྟོབས་དང་དཀའ་སྤྱད་ལས་སྒྲུབ། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་རྒྱང་སྐྱོད་གསར་པའི་ཁྲོད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།