ཏང་འཛུགས་སྐྲུན་གྱི་ཞབས་ཞུ་ལེགས་པོས་དམངས་ལ་དྲོད་ཁོལ་སྦྱིན།
2021.10.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 136

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ་བའི་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱེད་སྒོའི་ཁྲོད།  སྡོད་ཁུལ་གྱིས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་གསལ་ཐོ་འགོད་པ་དང་། སྡེ་ཁག་དང་ལས་ཁུངས་སོ་སོའི་ཀྲི་པུའུ་ཡིས་བཙུགས་གྲུབ་པའི་ཏང་འཛུགས་མནའ་འབྲེལ་ལ་བརྟེན་ནས་ཡོངས་འགྲུབ་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ཤར་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥིན་ཡུས་ཆིན་གྱིས་གསལ་ཐོ་དེ་དངོས་པོ་ཁོ་ནའི་ཕྱོགས་སུ་མ་བཞག་པར་ཏང་གི་སློབ་ཚན་དང་། སྨན་བཅོས་ཉེན་ཚབ། ཁྲལ་དོན་སྲིད་ཇུས་འགྲེལ་བཤད། ཏང་གི་ལོ་རྒྱུས་ཤེས་བྱ་འགྲན་བསྡུར་སོགས་ཚང་མ་ནི་མཁར་ཤར་སྡོད་ཁུལ་གྱི་དགོས་མཁོའི་གསལ་ཐོའི་ནང་དོན་ཡིན་ཞེས་དེ་ལྟར་བཤད།

རྐང་ཚ་རྫོང་མཁར་ཤར་སྡོད་ཁུལ་གྱི་མངའ་ཁོངས་སུ་ལས་ཁུངས70ལྷག་དང་། སྡོད་ཁུལ་ཆུང་བ25ཡོད་ལ།  ལས་གནས་སུ་ཡོད་པའི་ཏང་ཡོན300ལྷག་ཡོད་པས། སྡོད་ཁུལ་དེ་ནི་རྐང་ཚ་རྫོང་གི་སྡོད་ཁུལ་ཆེ་ཤོས་ཡིན་པ་རེད། རྒྱལ་ཁབ་ཅིག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་གཞི་རིམ་དུ་མཚོན་ཡོད། རྐང་ཚ་རྫོང་གིས་ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ལོ་རྒྱུས་སློབ་སྦྱོང་དང་དོན་དངོས་སྒྲུབ་པའི་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་དང་དམངས་ཚིས་དང་འབྲེལ་བའི་དོན་ཆུང་ནས་འགོ་བརྩམས་ཏེ། རྩ་འཛུགས་མཉམ་འཛུགས་དང་། ཐོན་ཁུངས་མཉམ་འབྲེལ། ཏང་ཡོན་གྱིས་སྣེ་ཁྲིད་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས།  རྒྱུན་ཆད་མེད་པར་སྡོད་ཁུལ་གྱི་ཞབས་ཞུ་ཇེ་ལེགས་སུ་བཏང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱས།

ཟླ10ཚེས14ཉིན། ཁོམ་ལོང་བྱུང་བའི་ཧྥིན་ཡུས་ཆིན་གྱིས་འཕྲལ་དུ་ཏང་འཛུགས་སྐྲུན་མནའ་འབྲེལ་གྱི་འགན་འཁུར་པར་ཁ་པར་བརྒྱབ་ནས་གཟའ་འཁོར་རྗེས་མར་མནའ་འབྲེལ་གྱི་ཏང་ཡོན་དང་མཉམ་དུ་རྒན་གསོ་ཁང་གི་ལོ་ལོན་ལ་འཚམས་འདྲི་བྱེད་པར་བསྐྱོད་རྒྱུའི་གྲོས་ཐག་བཅད།  དགུ་པའི་ཚེས་དགུའི་དུས་ཆེན་འདིར་རྒན་གསོ་ཁང་གི་ལོ་ལོན་ལ་འཚམས་འདྲིར་བསྐྱོད་པ་དང་། ཧྥིན་ཡུས་ཆིན་གྱིས་ད་དུང་ཐེངས་རྗེས་མའི་ཏང་གི་ཉིན་མོའི་བྱེད་སྒོའི་ཁྲོད། ཏང་འཛུགས་སྐྲུན་གྱི་མནའ་འབྲེལ་དང་ལག་གདང་སྦྲེལ་ནས་མངའ་ཁོངས་ཀྱི་ཁྱིམ་ཚང་དབུལ་པོའི་སློབ་གྲྭར་འགྲོ་བའི་བྱིས་པར་དྲོད་སྲུང་ལག་ཤུབ་ཉོ་རྒྱུའི་འཆར་གཞི་བཀོད་པ་རེད།

གསལ་ཐོ་འགོད་པ་ལས་གཞན། རྐང་ཚ་རྫོང་གིས་ཁོངས་གཏོགས་ཀྱི་ལས་གནས་སུ་ཡོད་པའི་ཏང་ཡོན་གྱི་ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ། ཏང་ཡོན་སྡོད་ཁུལ་དུ་བསྐྱོད་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་རེད།  སྡོད་ཁུལ་གྱི་ལས་གནས་སུ་ཡོད་པའི་ཏང་ཡོན་ལ་སྨན་ཁང་གི་ཞབས་ཞུ་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ལས་གནས་བཅུ་གཉིས་བཙུགས་ཤིང་།   ལས་གནས་དེ་དག་བཙུགས་པ་དེས་སྡོད་ཁུལ་གྱི་སྡོད་དམངས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད། དཔེར་ན་སྨན་ཁང་གི་ཞབས་ཞུའི་ལས་གནས་ཀྱིས་རིན་མི་དགོས་པར་སྡོད་དམངས་ལ་ཁྲག་ཤེད་ཚད་འཇལ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་དང་། སྲིད་ཇུས་སྒྲོག་འགྲེལ་ལས་གནས་ཀྱིས་སྡོད་དམངས་ལ་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་སྤེལ་བྱེད་པ་ལྟ་བུ་རེད།

དེ་དང་ཆབས་ཅིག  ཧྥིན་ཡུས་ཆིན་གྱིས་སྡོད་ཁུལ་གྱི་ཏང་ཡོན་ཚོའི་བྱ་བར་ཡང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།  ཏང་ཡོན་གྱི་སློབ་སྦྱོང་ཐད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་གནད་འགག་ཏུ་བརྩིས་ཏེ། ཐུན་མོང་སློབ་སྦྱོང་དང་རང་སྦྱོང་། ཆེད་དོན་གྲོས་བསྡུར་བཅས་ཟུང་འབྲེལ་བྱས་པར་མ་ཟད།   ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་བཙུགས་ནས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྟངས་སྤྱད་དེ་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་།

ཏང་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་བློ་ལ་དམ་པོར་བཅངས་སྟེ། རང་ཉིད་ལ་བླང་བྱ་ནན་མོ་བཏོན་པ་དང་སྣེ་ཁྲིད་དེ་སྣང་བརྙན་གཏོད་པ་དང་། མིག་དཔེ་སྟོན་པ། ལེགས་སྐྱེས་འབུལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ།  དོན་དངོས་མང་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་ཧྥིན་ཡུས་ཆིན་གྱིས་རྒྱུན་དུ་དེ་ལྟར་བཤད་ཀྱིན་ཡོད།  ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱ་རྒྱུ་ནི་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རྒྱུར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་ཏང་ཡོན་གྱི་སྣེ་ཁྲིད་དེ་གདོང་ལེན་མིག་དཔེ་བཏོད་པའི་གནད་འགག་ཡིན་པར་འདོད་ཀྱིན་ཡོད།

ཏང་ཡོན་སྟག་མོ་འཚོ་ནི་མཁར་ཤར་སྡོད་ཁུལ་གྱི་སྡོད་དམངས་ཡིན་ཞིང་།  ཚང་མར་དཀའ་ཁག་ཅི་ཞིག་ཡོད་ཚེ་ཁོ་མོ་བཙལ་བཞིན་ཡོད། ཉེ་བའི་ལོ་འདི་འགར་སྡོད་ཁུལ་དུ་གཞིས་ཆགས་པའི་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  མང་ཆེ་བ་ནི་རྫོང་མཁར་དུ་ཡོང་ནས་བྱིས་པ་སློབ་གྲྭར་བསྐྱལ་བཞིན་པའི་ལོ་ལོན་ཡིན་ཞིང་།  སྐད་བརྡ་མི་འཕྲོད་པ་དང་།   སྨན་ཁང་དུ་འགྲོ་བ་སོགས་ནི་ཁོ་ཚོའི་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད།  གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བའི་སྟག་མོ་འཚོ་ཡིས་ནམ་རྒྱུན་སུན་སྣང་དང་འཁར་ར་མེད་པར་ལོ་ལོན་རྣམས་ལ་འགྲོ་ལུགས་སྣ་ཚོགས་སྒྲུབ་རོགས་བྱེད་ཀྱི་ཡོད།

ཁོ་མོ་ལྟ་བུའི་ཏང་ཡོན་ད་དུང་མང་པོ་ཡོད་པ་དང་ཏང་ཡོན་ཁྲུང་ཧྭ་ཡང་ཁོ་ཚོའི་གྲས་ཀྱི་གཅིག་ཡིན་པ་རེད། ཧྥིན་ཡུས་ཆིན་གྱིས་བཤད་རྒྱུར། སྡོད་ཁུལ་དུ་དབང་པོ་སྐྱོན་ཅན་ཞིག་ཡོད་ལ། ཏང་འཛུགས་སྐྲུན་མནའ་འབྲེལ་གྱིས་ཁོ་མོར་གློག་གི་ཐབ་ཀ་དང་གོས་འཁྲུད་འཕྲུལ་ཆས་ཉོས་མོད། འོན་ཀྱང་ཁོ་མོས་དེ་དག་བཀོལ་མི་ཤེས་པར་བརྟེན་ཏང་ཡོན་ཁྲུང་ཧྭ་རང་འགུལ་ངང་མོའི་ཁྱིམ་དུ་སོང་ནས་གློག་ཆས་དེ་དག་ཇི་ལྟར་བཀོལ་དགོས་པ་གསལ་བོར་བཤད་ཀྱིན་ཡོད།

མང་ཚོགས་ལ་དམངས་ཚིས་དོན་དངོས་ལེགས་པོར་སྒྲུབ་ཆེད།  མཁར་ཤར་སྡོད་ཁུལ་གྱིས་ད་དུང་དྲ་མིག་ཅན་གྱི་དོ་དམ་མི་སྣ་གསུམ་བཀོད་སྒྲིག་བྱས་ནས།  སྡོད་ཁུལ་གྱི་ཞབས་ཞུ་དེ་བས་དྲོད་སྐྱིད་ལྡན་པ་བྱས་ཡོད།

དྲ་མིག་དོ་དམ་པ་རྡོ་རྗེ་ཐར་གྱིས་དང་བླངས་པ་དང་ཏང་ཡོན་ཁྲིད་དེ་ཁྱིམ་ཚང་དུ་སྐྱོད་སྐབས།  ལོ70ལྷག་ལ་སླེབས་པའི་ཁྲིན་ཞིག་ལན་ཁྱིམ་དུ་མེད་པ་ཤེས།  ཚ་བོ་དང་མཉམ་དུ་བསྡད་ཡོད་པའི་ཁྲིན་ཞིག་ལན་ནི་སྡོད་ཁུལ་གྱི་དོ་ཁུར་བྱ་ཡུལ་གཙོ་བོའི་གྲས་ཤིག་རེད། རྡོ་རྗེ་ཐར་གྱིས་ཁྲིན་ཞིག་ལན་སྨན་ཁང་དུ་བསྡད་ཡོད་པ་ཤེས་རྗེས།  སྡོད་ཁུལ་གྱིས་འཕྲལ་དུ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་ལ་འབྲེལ་གཏུག་བྱས་པ་མ་ཟད། ད་དུང་ཁོ་མོར་སྒོར5000ཡི་གནས་སྐབས་རོགས་སྐྱོབ་མ་དངུལ་རེ་ཞུ་བྱས།

མཁར་ཤར་སྡོད་ཁུལ་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་བརྒྱུད་དེ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། སྡོད་ཁུལ་གྱི་དྲོད་སྐྱིད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏོང་བར་དྲོད་ཁོལ་དང་ཟབ་ཚད་ལྡན་པར་བྱས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།