(གསར་འགོད་པ། དབང་རྒྱལ་ཚེ་རིང་། རྟ་མགྲིན་སྐྱབས། འཆི་མེད་སྒྲོལ་མ། དཔལ་འཛོམས། )སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་དང་གཉིས་པ་སྤེལ་བ་ཡིས། བོད་གངས་ཅན་ལྗོངས་སུ་སྲོལ་རྒྱུན་རིག་གནས་ཀྱི་བཅུད་དང་། ངག་རིག་སྒྱུ་རྩལ་གྱི་རང་མདངས་རབ་ཏུ་མངོན་པར། མགོ་ནག་བོད་པ་རྣམས་ཀྱི་དགའ་བའི་དབང་བོ་མ་ལུས་ཡང་ཡང་འཕྲོག་ཅིང་། བློ་ཡིད་སེམས་གསུམ་གྱི་དབུས་སུ་གཞན་དུ་མེད་པའི་རིག་གནས་ཀྱི་ཞིམ་མངར་འཁྱིལ་བས། བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ཤིང་། མུ་མཐུད་དུ་བསྒྲུབ་པར་རེ་བ་འབྲུག་སྒྲ་བཞིན་ཡང་ཡང་གྲགས་པ་ན། ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གདན་ཞུའི་གཏམ་དཔེ་འགྲན་སྡུར་སྐབས་གསུམ་པ་ད་ལོའི་སྤྱི་ཟླ་བདུན་པའི་ཚེས་བརྒྱད་ཉིན་མཛེས་སྡུག་དཔལ་དུ་བཞད་པའི་རྩེ་གཞུང་རྩྭ་ཐང་ནས་སླར་ཡང་སྐྱེ་རྒུའི་གསོས་སུ་འབྱོན་ཞིང་། སྲིད་ཞིའི་རྒྱན་དུ་བལྟམས་ནས། ངོ་མཚར་དཔལ་དུ་འབར་བའི་དམངས་ཁྲོད་རིག་གནས་ཀྱི་གཟི་བྱིན་ངོམ་པར་བྱ་རྒྱུ་ཡིན་ཞིང་། ལྷག་པར་དུ་གངས་ལྗོངས་མེ་ལོང་དྲ་བས་རྒྱ་ཆེའི་དྲ་དམངས་རྣམས་ཀྱི་འདོད་པའི་རྩེ་དང་བསམ་པའི་དང་ག་རུ་ཐེངས་འདིའི་གཏམ་དཔེ་འགྲན་སྡུར་གྱི་བརྒྱུད་རིམ་མཐའ་དག་ངེད་དྲ་བ་ནས་ཐད་གཏོང་བྱས་ཏེ། བསྐལ་བ་ཡག་གི་དབྱར་གཞུང་སྐྱིད་པོར་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་བཤམ་རྒྱུ་ཡིན་པས། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།
གཏམ་དཔེ་འགྲན་སྡུར་སྐབས་གཉིས་པའི་དཔྱད་བརྗོད་པ་རོང་བོ་ཚེ་དཔལ་གྱིས་མྱོང་ཚོར་གླེང་བ།
རྩ་འཛུགས་ཚན་ཆུང་གིས་གདན་ཞུའི་གཏམ་དཔེ་འགྲན་སྡུར་སྐབས་གསུམ་པའི་གྲོས་མོལ་ཚོགས་འདུ་བསྡུས།
གཏམ་དཔེ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་ར་ཡ་ཇོ་རུས་མྱོང་ཚོར་གླེང་བ།
དམངས་ཁྲོད་ཀྱི་རིག་གནས་བླ་ན་མེད་པ་འདི་ཉིད། གྲ་མ་ཆག་ཅིང་གྲུ་མི་ཉམས་པར་རྒྱུད་འཛིན་གོང་སྤེལ་གཏོང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གདན་ཞུའི་གཏམ་དཔེ་འགྲན་སྡུར་སྐབས་གསུམ་པ་སྤྱི་ཟླ7པའི་ཚེས8ཉིན་ནས་ཚེས12བར་གཤམ་གསལ་གྱི་སྟེགས་བུ་དག་ནས་ཐད་གཏོང་བྱ་རྒྱུ་ཡིན།
ཐད་གཏོང་སྟེགས་བུ་དག་ནི།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།
གངས་ལྗོངས་མེ་ལོངAPP
ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།
ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན།
མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།
直播平台
青海藏语网络广播电视台(祥云网)
金格桑APP
雪域头条抖音号
雪域头条快手号
青海藏语广播抖音号