པེ་ཅིང་གི་ཉིས་སྟོང་ཉེར་གཉིས་ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཐང་ཆེན་དུ་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་འགོ་རྩོམ་མཛད་སྒོའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དངོས་སུ་ཞུགས་རྒྱུ་ཡིན་པར་མ་ཟད། པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱེད་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།