མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པེ་ཅིང་དུ་འགྲོ་བའི་སྔོན་གྱི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་ཚོགས།
2022.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་གསུམ་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པེ་ཅིང་དུ་འགྲོ་བའི་སྔོན་གྱི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། འགན་འཁྲི་ལག་བསྟར་བྱེད་པའི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་། ལིའུ་ཐུན་ཏི་དང་རིན་ཆེན་རྣམ་རྒྱལ་སོགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱི་མངག་བཅོལ་ལྟར། མཚོ་སྔོན་དུ་ཡོད་པའི་ཨུ་ཡོན་ཚང་མ་གྲོས་ཚོགས་ལ་ཞུགས་ཏེ་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ལ་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོས་ཚོགས་ཆེན་གཉིས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཀུན་གྱིས་དོ་སྣང་བྱེད་ཚད་ཧ་ཅང་མཐོ། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོས་སྲིད་གྲོས་ཨུ་ཡོན་གྱིས་བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཀ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་ཡི་གྲོས་ཚོགས་གང་ལེགས་སྒོས་བསྒྲུབ་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་སྣ་ཚོགས་དང་གཅིག་གྱུར་བྱས་ནས། གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ་དང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཐུན་མོང་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། གྲོས་འདོན་བྱ་བ་གྲ་སྒྲིག་གང་ལེགས་བྱེད་དགོས་ལ། ཧུར་ཐག་སྒོས་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད་པ་དང་ཚན་ཆུང་ལ་ཞུགས་ནས་གྲོས་བསྡུར་བྱེད་པ། གནད་ལ་འཁེལ་བའི་བློ་འདོན་ཇུས་འབུལ་བྱེད་པར་མ་ཟད། ཚོགས་ཆེན་གཉིས་ལ་བརྟེན་ནས་སྲིད་གྲོས་ཀྱི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་ནས། རྒྱལ་ཁབ་དང་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཐད་ཇུས་འདོན་ཤུགས་འདོན་བྱེད་པར་སྐུལ་འདེད་གཏོང་དགོས། གྲོས་ཚོགས་ཀྱི་སྒྲིག་ལམ་དང་དར་སྲོལ་བཟང་བོར་གཟབ་ནན་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ནས། ཚོགས་ཆེན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་ཚད་གཞི་མཐོ་བའི་སྒོ་ནས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་ལས་འགན་ལག་བསྟར་དང་འགན་འཁྲི་དང་ལེན་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།