ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་ཝང་ཅན་ཅུན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཞིན་ཁྲང་ཞིང་དང་ཀྲང་ཀོང་རོང་གཉིས་ཀ་ཚོགས་གཙོ་གཞོན་པར་བདམས།
ཚོགས་ཐོག་ནས་རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་གྲོས་ཚོགས་ལ་སྤྲད་ནས་འདེམ་བསྐོ་དང་བརྡས་ཐག་གཅོད་པར་འཐད་པ་བྱུང་།
ཝང་ཅན་ཅུན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བ་འགོ་བརྩམས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་བར་བསུ་མ་བྱེད་པའི་གནད་འགག་དུས་སྐབས་སུ་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མཚོ་སྔོན་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཚད་མཐོན་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས་གྲོས་ཚོགས་གང་ལེགས་སྒོས་བསྒྲུབ་དགོས་པ་དང་། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་ཞིང་གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ལ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་པ་སྲུང་འཛིན་བྱེད་པ་དང་། ཏང་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་གཅིག་གྱུར་བྱས་ནས། སྙན་ཞུ་སྣ་ཚོགས་དང་འབྲེལ་ཡོད་གྲོས་གཞི་ལ་གྲོས་ཞིབ་བཟང་བོ་བྱེད་པ་དང་། ཚོགས་འདུའི་དར་སྲོལ་དང་སྒྲིག་ལམ། དེ་མིན་རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བའི་རེ་བ་བརྩི་སྲུང་ནན་མོ་བྱེད་དགོས་ལ། འགན་འཁྲི་ལག་བསྟར་དང་ལས་འགན་དང་ལེན་བཟང་བོ་བྱེད་པ་དང་སྤྱོད་ཚུལ་དར་སྤེལ་བཟང་བོ་བྱེད་པ། དམངས་ཆེན་འཐུས་མིའི་འགན་འཁྲིའི་ཁག་ཁུར་ལག་ལེན་བཟང་བོ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ལིས་ཅེ་ཞང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམ་སྒུག་པ་ཝང་དབྱང་། ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གྲ་ཆིན་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།