རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་ཚོགས་འགོ་བརྩམས།
2022.03.05 ཁུངས། ཀློག་གྲངས། 110

ཟླ༣པའི་ཚེས༤ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད

ཟླ༣པའི་ཚེས༤ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བའི་ཚུལ་རེད།

ཟླ༣པའི་ཚེས༤ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཕུགས་འདུན་རླབས་ཆེན་མཉམ་དུ་མངོན་འགྱུར་བྱེད། ། ངར་སེམས་ཆེ་རུ་བསྐྱེད་ནས་དུས་རབས་གསར་པའི་བྱ་གཞག་ཡང་བསྐྱར་བསྐྲུན།། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཚེས་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟོང་གཉིས་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་དུ་དམིགས་ནས། གྲོས་མོལ་སྲིད་གླེང་ཟབ་མོ་དང་འགན་ནུས་ལག་བསྟར་ནན་མོ། ལྟ་བ་གཅིག་སྡུད་རྒྱ་ཆེར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞཱ་པའོ་ལུང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ནས། ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་དགོས་པའི་ཨུ་ཡོན་ཉིས་སྟོང་ཆིག་བརྒྱ་ང་བདུན་ཡོད་པ་དང་། ཨུ་ཡོན་ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་དངོས་སུ་ཚོགས་ཐོག་ཏུ་ཐོན་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཀྲང་ཆིན་ལིས་ཀྱིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

ཚོགས་ཆེན་ནས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

ཝང་དབྱང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་གཙོ་སྙིང་དུ་བཟུང་སྟེ་བསམ་བློ་ཆབ་སྲིད་ཁྲིད་སྟོན་དུ་བཟུང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་རྩོམ་པ་གཙོ་གནད་དུ་བཟུང་སྟེ་འགན་ནུས་ལག་བསྟར་ནན་མོ་བྱས་ཤིང་། སྲིད་གྲོས་ལམ་ལུགས་ཀྱི་ཕན་ནུས་ཇེ་མཐོར་གཏོང་རྒྱུ་དམིགས་འབེན་དུ་བཟུང་སྟེ་ཆེད་དོན་གྲོས་མོལ་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་བྱས་རྗེས་གསར་པ་བཞག་ཡོད།

ཝང་དབྱང་གིས་ཕྱོགས་ལྔ་ནས་འདས་པའི་ལོ་གཅིག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བ་སྤྱི་སྡོམ་བྱས། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་དམ་དུ་དམིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གཙོ་བྱས་པའི་ལོ་རྒྱུས་བཞིའི་སློབ་གསོ་ཟབ་མོར་སྤེལ་ནས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པར་སྣེ་ཁྲིད་ནས་སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་སྟེ། ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་བཙུགས། གཉིས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་སོགས་ལ་དམིགས་ནས་སྲིད་གླེང་བློ་འདོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་རྩོམ་པར་རམ་འདེགས་བྱས། གསུམ་ནི་སྲིད་གྲོས་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་ཇེ་ཆེར་བཏང་ལ། ཆེད་དོན་གྲོས་མོལ་ཚོགས་པ་གསར་དུ་བཙུགས་པ་དང་། གྲོས་མོལ་རྣམ་པའི་ལྟ་སྐུལ་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཤིང་། ཨུ་ཡོན་གྱི་རང་བདག་བརྟག་དཔྱད་ཁྱད་སྟོབས་བཏོན་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་བློའི་ཆ་འཕྲིན་མཚོན་པའི་ཐབས་ལམ་རྒྱ་བསྐྱེད་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཕན་ནུས་སྔར་ལས་བཟང་པོར་བཏོན། བཞི་ནས་མཐུན་སྒྲིལ་དང་མཛའ་འབྲེལ་གྱི་ཐབས་ལམ་འཐུས་ཚང་དུ་བཏང་བ་དང་། སེམས་གཏམ་གླེང་བ་དང་ཨུ་ཡོན་གྱི་སྒྲོག་འགྲེལ་སོགས་བྱ་བ་ཧུར་ཐག་གིས་སྤེལ་ལ། རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཏུ་ཕྱི་ཕྱོགས་འགྲོ་འོང་གི་བྱ་བ་བཟང་པོར་བསྒྲུབས་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་དང་བཅུ་ལོན་པའི་དྲན་གསོའི་ཚོགས་ཆེན་རྒྱལ་ཁའི་ངང་བསྡུས་ཏེ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཆེར་བྱས། ལྔ་ནི་སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགན་ནུས་ལག་བསྟར་གྱི་ཕན་འབྲས་དངོས་སུ་ཇེ་མཐོར་བཏང་།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། བློ་འདོན་ཇུས་འབུལ་དང་ལྟ་བ་གཅིག་སྡུད་གཉིས་ཐད་ལ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ལོ་ཧྲིལ་བོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་པོར་སྦྲེལ་ནས། བསམ་བློ་ཁྲིད་སྟོན་དང་སྟོབས་ཤུགས་གཅིག་སྡུད། སྲིད་གླེང་བློ་འདོན། ཆེ་ཕྱོགས་ཞབས་ཞུ་བཅས་ཀྱི་བྱ་བ་སྣ་ཚོགས་ནན་ཏན་གྱིས་བཟང་པོར་སྒྲུབ་སྟེ། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་གཙང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་སྲུང་འཛིན་བྱེད་པར་བྱས་རྗེས་འཇོག་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ནི་མཐུན་སྒྲིལ་གྱི་ཆེད་དུ་བྱུང་བ་དང་། མཐུན་སྒྲིལ་ལ་དམིགས་ནས་གནས་ཤིང་། མཐུན་སྒྲིལ་ལ་བརྟེན་ནས་དར་བ་ཡིན་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མཚོན་རྟགས་ཡིན་པས། ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱུ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་འགན་འཁྲི་ཡིན་པར་གོ་བ་ཟབ་མོ་བླངས་ཏེ། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ལམ་ལུགས་ཀྱི་ཁྱད་སྟོབས་ཕན་ནུས་ལྡན་པར་བཀོལ་ནས་སེམས་ཀྱི་མཐུན་ཆ་ཆེ་ཤོས་དང་མཚུངས་ཆ་ཆེ་ཤོས་བཙལ་ནས། མི་སྔར་ལས་མང་པོ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དུ་འཇུག་དགོས་པ་དང་། སྟོབས་ཤུགས་སྔར་ལས་མང་པོ་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་མཉམ་དུ་གཉེར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གཅིག་སྡུད་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་ཁྱད་སྟོབས་སྔར་ལས་བཟང་པོར་བཏོན་ནས། སེམས་མཐུན་ཕྱོགས་མཐུན་གྱི་ལྷག་བསམ་དག་པའི་གྲོས་མོལ་བརྒྱུད་དེ། ཨུ་ཡོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་ཡང་དག་པར་ལྟ་བ་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་སྔར་ལས་བཟང་པོར་རྒྱུས་ལོན་དང་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བྱེད་དགོས་ལ། གནད་ཁེལ་ནུས་ལྡན་གྱི་སྒོ་ནས་སེམས་ཁམས་ལེགས་བཅོས་དང་སྔོན་དཔག་ཁྲིད་སྟོན། ཡིད་ཆེས་ཆེར་བསྐྱེད་བཅས་ཀྱི་བྱ་བ་བཟང་པོར་སྒྲུབ་སྟེ། གྲོས་མོལ་ལ་བརྟེན་ནས་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་པ་དང་། ཐུན་མོང་ལྟ་བར་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས། མཐུན་སྒྲིལ་ལ་སེམས་ཀྱི་མཐུན་ཆ་མཁོ་ཞིང་། མཐུན་ཆ་བརྟན་སྲུང་བྱས་ན་ད་གཟོད་དམངས་སེམས་གཅིག་མཐུན་བྱེད་ཐུབ། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོའི་སེམས་ཀྱི་མཐུན་ཆ་ཡིན་ལ། ལོ་རྒྱུས་ཀྱི་གདམ་ག་ཡིན་ཞིང་། མི་དམངས་ཀྱི་གདམ་ག་ཡིན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དར་ཆའི་འོག་ཏུ་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་། ཀྲུང་གོ་མི་དམངས་དང་གཞིས་བྱེས་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕན་ནུས་ལྡན་པར་གཅིག་སྡུད་བྱས་ཏེ། དོན་དམ་དང་རྒྱ་ཆེན། ཚགས་དམ་བཅས་ཀྱི་མཐུན་སྒྲིལ་ཆེན་པོ་གྲུབ་པར་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲིན་གྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། སྲིད་གྲོས་ཨུ་ཡོན། སྲིད་གྲོས་ཀྱི་ཚོགས་ཞུགས་སྡེ་ཁག་སོ་སོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་པར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པ་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོ་དང་དཀའ་གནད་ལ་དམིགས་ནས། གྲོས་གཞི་སྟོང་དྲུག་བརྒྱ་དང་བཅུ་བདུན་བཏོན་པ་དང་། གྲོས་གཞི་སྟོང་ལྔ་དང་སོ་དགུ་ཐོ་འགོད་བྱས། བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་ལག་བསྟར་བྱས། གྲོས་གཞི་སྤྲོད་སྒྲུབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། འགན་སྒྲུབ་སྡེ་ཁག་སོ་སོས་སྲིད་གྲོས་ཀྱི་གྲོས་གཞི་འདོན་པ་དང་ལག་བསྟར་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ལ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཞིང་གྲོས་གཞི་ལག་བསྟར་གྲོས་མོལ་གཏིང་ཟབ་ཏུ་སྤེལ་བས། ལག་བསྟར་སྤུས་ཚད་སྔར་ལས་ཇེ་མཐོར་སོང་། གྲོས་གཞི་ལས་བཏོན་པའི་བསམ་འཆར་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་ལ་ཞབས་འདེགས་ཞུ་བ་དང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལས་དོན་སྣ་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་ཕུལ།

ཀྲུའུ་ཞི་སྟེགས་བུ་བཞུགས་པའི་མགོ་ཁྲིད་བློ་མཐུན་ད་དུང་ཏིང་ཞུའེ་ཞང་དང་ཝང་ཁྲིན། ལིའུ་ཧི། ཞུས་ཆི་ལེང་། སུང་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་པོ། ཀྲང་ཡིའུ་ཞ། ཁྲིན་ཞི། ཁྲིན་ཆོན་ཀའོ། ཁྲིན་མེན་ཨེར། ཧུའུ་ཁྲུན་ཧྭ། ཀའོ་ཧྲིན་ཁུང་། ཧོང་ཁུང་མེན། ཚའེ་ཆི། ཡིའུ་ཆོན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལི་ཀིན་དབྱི་མེན་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏིང་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏཱ་ཧྥིན། ཝུའུ་ཝེ་ཧྭ། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི  ཀྲིག་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུ་ལྟར་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོར་ཟུར་དུ་ཞུགས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གདན་ཞུ་ལྟར་འགོ་རྩོམ་མཛད་སྒོར་ཞུགས།