ཝང་ཆི་ཧྲན་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 
2022.03.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 90

ཟླ་གསུམ་པའི་ཚེས་ལྔ་ཉིན། ཝང་ཆི་ཧྲན་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པར་རྐང་བཙུགས་ནས་སྐྱོད་ལམ་གསར་བ་ཞིག་གི་མགོ་རྩོམ་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པའི་གོ་གནས་གཏན་འཁེལ་བྱས་པ་ནི་ང་ཚོ་དཀའ་ཁག་སྣ་ཚོགས་ལ་རྣམ་པར་རྒྱལ་བའི་ཆེས་ཆེ་བའི་བློ་སྤོབས་ཡིན། གཏན་འཁེལ་གཉིས་ལོ་རྒྱུས་ཁྲོད་བཞག་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་བླངས་ཏེ། ཡིད་ཆེས་ཆེན་པོས་ཡང་བསྐྱར་གཟི་འོད་བསྐྲུན་དགོས། 

འཐུས་མིའི་གཏམ་བཤད་ལ་གསན་རྗེས་ཝང་ཆི་ཧྲན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། བླངས་པའི་གྲུབ་འབྲས་དག་ཐོབ་སླ་བ་ཞིག་མིན། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཡོད་པས། ང་རང་དེར་མོས་མཐུན་ཡོད་ཟེར། 

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ཡིད་ཆེས་ཡོད་ན་ད་གཟོད་རང་སྟོབས་སྤེལ་ཐུབ། དུས་རབས་གསར་བའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཡིད་ཆེས་ཡིན་ཞིང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པའི་བློ་བརྟན་འགྱུར་མེད་ལས་མངོན་ཡོད་པ་དང་། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་འཐབ་ཇུས་ཀྱི་གཏན་ཤུགས་ལས་མངོན་ཡོད། གོ་སྐབས་དང་འགྲན་རྩོད། གྲུབ་འབྲས་དང་གནད་དོན་བཅས་ལ་བཟུང་བའི་རིག་ལམ་གསལ་བོ་ལས་མངོན་ཡོད་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལས་མངོན་ཡོད། རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་དང་འཕེལ་རྒྱས་དུས་རིམ་ཟུང་འབྲེལ་སྒོས་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས། ཡིད་ཆེས་དེ་སེམས་ཤུགས་དང་གཏན་ཤུགས། བརྩོན་སེམས་བཅས་སུ་བསྒྱུར་ཏེ། གཙོ་བོ་མི་དམངས་མང་ཚོགས་ཀྱི་དཀའ་སྡུག་ཆེ་ཞིང་རེ་བ་ཆེ་བའི་གནད་དོན་དག་ཐག་གཅོད་བྱེད་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་བཅངས་པའི་ཡིད་ཆེས་དང་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། དོན་དངོས་བྱ་སྤྱོད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།