ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཁོ་གནས་སའི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཁོ་ཡོད་སའི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
ཝང་དབྱང་གིས་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་གསུང་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གང་ལེགས་ཀྱིས་མཚོན་པར་བྱས་པ་དང་། གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། བྱ་བའི་གཙོ་གནད་བཀོད་སྒྲིག་བྱས་པ་འབུར་དུ་ཐོན་ཡོད། དེ་ནི་བདེན་འཚོལ་དངོས་གཉེར་དང་བརྩོན་སེམས་ཆེར་བསྐྱེད་ཀྱི་སྙན་ཞུ་ཞིག་ཡིན་པས། ང་རང་ངོས་ནས་ཐེངས་འདིའི་སྙན་ཞུར་རྦད་དེ་མོས་མཐུན་ཡོད།
ཝང་དབྱང་གིས་རེ་བ་བཏོན་ནས་གསུང་རྒྱུར། སི་ཁྲོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཁྲོད་ནས་འབད་འབུངས་སྟོབས་ཤུགས་བསྡུ་ལེན་དང་། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྲུང་སྐྱོབ་བྱེད་དགོས་པ་གཉིས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཁྲོད་ནས་གོམ་སྟབས་གསར་པ་སྤོས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་ཐོད་བརྒལ་གསར་པ་ཡོང་བར་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།