ཟླ༣པའི་ཚེས༥ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཟླ༣པའི་ཚེས༥ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་སྙིང་འདི་དམ་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟབ་མོར་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་མྱོང་། ཤི་གསོན་མཉམ་མྱོང་། ལས་དབང་མཉམ་མྱོང་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བསམ་བློའི་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་བ་དང་། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་སེ་འབྲུ་བཞིན་དུ་དམ་དུ་འབྲེལ་བར་ཡར་སྐུལ་བྱེད་པ། རླབས་ཆེ་བའི་མེས་རྒྱལ་མཉམ་དུ་འཛུགས་སྐྲུན་བྱེད་པ། དགའ་སྐྱིད་ཀྱི་འཚོ་བ་མཉམ་དུ་གསར་སྐྲུན་བྱེད་པ། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་བཅས་ཧུར་ཐག་གིས་སྲུང་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།
ནང་སོག་འཐུས་ཚབ་ཚོགས་པས་ནན་ཏན་སྒོས་གྲོས་ཞིབ་བྱས། ཀྲང་ལེ་དང་། གོ་ཡན་ལིན། ཅ་རུན་ཨན། ཝང་ཞའོ་ཧུང་། ཧྥིན་ཡན་ལིས། ཀྲའོ་ཧོས་ཅེ། ཧྲི་ཡུས་ཏུང་བཅས་འཐུས་མི་བདུན་གྱིས་སོ་སོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སོལ་འགྱུར་བཟོ་ལས་ཐོན་སྐྱེད་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་རམ་འདེགས་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་སློབ་སྒྲུབ་སློབ་སྐྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཁའ་སྐྱོད་ཀྱི་སྟོབས་ཤུགས་འབུལ་བ། གྲོང་གསེབ་དར་སྤེལ་བྱེད་པ། མི་རིགས་ཀྱི་འོ་མའི་ཐོན་ལས་གོང་དུ་སྤེལ་བ་སོགས་ཐད་ནས་གཏམ་བཤད།
ཚང་མས་གཏམ་བཤད་པར་ནན་གྱིས་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མོས་མཐུན་གནང་བ་དང་། ནང་སོག་གི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་མཛད་པར་མ་ཟད། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་དམ་འཛིན་བཟང་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། འབྲུ་རིགས་བདེ་འཇགས། ཐོན་ལས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་དངོས་སུ་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་མ་ཆད་པར་བརྟན་པོར་འཛུགས་པ། ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་རྒྱུ་ཟབ་སྤེལ་བྱེད་པ། མེས་རྒྱལ་བྱང་ཕྱོགས་ཀྱི་མཐའ་མཚམས་སྔར་ལས་མཛེས་སྡུག་ལྡན་པར་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ནང་སོག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བྱ་གཞག་གསར་པ་བསྐྲུན་དགོས་པའི་ཐུགས་རེ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ང་ཚོས་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་གྲུབ་འབྲས་ཆེན་པོ་གསར་པ་བླངས་ཡོད། ང་ཚོས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ཆེན་པོས་རྟེན་འབྲེལ་ཞུས་པ་དང་། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པར་མ་ཟད་ཏང་གི་ལོ་རྒྱུས་སྟེང་གི་གྲོས་ཆོད་གསུམ་པ་གཏན་ལ་ཕབ། ང་ཚོས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་རྒྱལ་ཁ་བླངས་པ་དང་། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ལ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་པར་བསྐྱོད་འགོ་བརྩམས། ང་ཚོས་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་ཐད་འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གོ་གནས་སྲུང་འཛིན་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མངོན་འགྱུར་བྱེད་པའི་འགོ་བཟང་པོ་བརྩམས་ཡོད། ང་ཚོས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་རང་རྒྱལ་གྱི་ལུས་རྩལ་པས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་གྲུབ་འབྲས་ཆེས་བཟང་པོ་བླངས་ཡོད། གྲུབ་འབྲས་འདི་དག་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ། ང་ཚོའི་གཤམ་གྱི་ངེས་ཤེས་གལ་ཆེན་འདི་དག་སྔར་ལས་ཇེ་བརྟན་དུ་གྱུར་སོང་། གཅིག ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན། གཉིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན། གསུམ། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན། བཞི། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་ནི་དུས་རབས་གསར་པར་རང་རྒྱལ་དར་རྒྱས་གོང་འཕེལ་འགྲོ་བར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན། ལྔ། ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བ་ནི་ཏང་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་བྱེད་པ་དང་ཚོད་བགམ་གྱི་ལམ་གསར་པར་བཟང་པོར་བསྐྱོད་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་སོ་སོས་མཐུན་སྒྲིལ་འཆམ་མཐུན་བྱས་ན། རྒྱལ་ཁབ་དར་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་གཏན་འཇགས་འབྱུང་ལ། མི་དམངས་བདེ་སྐྱིད་ལྡན་ངེས། དེ་ལས་ལྡོག་ཚེ་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བ་དང་སྤྱི་ཚོགས་ཟང་ཟིང་དུ་འགྱུར་ལ། མི་དམངས་ལ་གནོད་པ་ཐེབས་ངེས། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་དུ་འཛིན་དགོས་ཞེས་ནན་གྱིས་བསྟན་པ་དེ་ནི། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་ཟབ་མོ་བྱས་ཏེ་ཐོབ་པའི་སྡོམ་ཚིག་གལ་ཆེན་ཡང་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནང་སོག་གི་ད་ལྟ་ནི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། ནང་སོག་གི་མ་འོངས་པར་དེ་བཞིན་དུ་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་མཁོ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ན། མཐོང་ཐུབ་པ་དང་རེག་ཐུབ་པའི་བྱ་བ་བསྒྲུབ་དགོས་པར་མ་ཟད། མཐོང་དུ་མེད་པའི་དོན་དག་ཞིབ་མོ་དག་ཀྱང་མང་དུ་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཡར་སྐུལ་བྱེད་ན། བྱ་བ་སྣ་ཚོགས་ནན་མོ་དང་ཞིབ་མོར་བསྒྲུབ་དགོས། རིགས་སོ་སོའི་ལས་བྱེད་པས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ལག་བསྟར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་དང་ཀྲུང་ཧྭ་མི་རིགས་སྤྱིའི་ཁེ་ཕན་གྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་ཐག་གཅོད་པ། བྱ་བ་འཛིན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཕན་པའི་བྱ་བ་ཡིན་ཚེ་མང་དུ་བསྒྲུབ་དགོས་པར་མ་ཟད་ཟབ་མོ་དང་ཞིབ་མོ། ནན་མོར་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་གནོད་པའི་དོན་དག་ཡིན་ཚེ་རྩ་བ་ནས་བསྒྲུབ་མི་རུང་།
ཞི་ཅིན་ཕིང་གིས་བསྟན་དོན། ནང་སོག་ནི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཡིན་པས། མི་རིགས་ཀྱི་མཐུན་སྒྲིལ་དང་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད། ཟུར་མཐོང་ལེབ་ཤེས་ཀྱི་སྒོ་ནས་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་བསམ་གཞིགས་མཐོར་འདེགས་བྱས་ཏེ། མི་རིགས་བྱ་བའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགོག་རྐྱེན་སྣ་ཚོགས་ལ་ཕན་ནུས་ལྡན་པར་དོགས་ཟོན་བྱས་ཏེ། མེས་རྒྱལ་བྱང་མཐའི་བདེ་འཇགས་ཀྱི་ལྕགས་རི་དངོས་སུ་བརྟན་སྲུང་བྱེད་དགོས།
ཏེན་ཞུའེ་ཞང་དང་ཧི་ལིས་ཧྥིན་སོགས་གྲོས་ཞིབ་ལ་ཞུགས།