ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཅིག་བསྡུས་ངང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས། ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིན་ཁྲང་ཞིན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཐིན་ཅཱ་ཚའེ་དང་ཝང་དབྱང་། ཀྲང་ཙི་ཅུན། ཀྲ་ཆིན་ཅིག་བཅས་ཀྱིས་གཏམ་བཤད།
ཝང་ཅན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་བསམ་བློ་གཏིང་ཟབ་ཅིང་དོན་སྙིང་ཆེན་པོ་ལྡན་པ་དང་། ཁ་ཕྱོགས་གསལ་བོ་ཡིན་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ཆེན་པོ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཛིན་པའི་ཁ་ཕྱོགས་གསལ་བོ་དང་། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བའི་འཆད་འགྲེལ་ཟབ་མོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ལག་ལེན་བླང་བྱ་བཅས་ཡིན་པ་དང་། མི་རིགས་ཀྱི་ལ་རྒྱ་མངོན་པར་བྱས་པ་དང་ལོ་རྒྱུས་ཀྱི་རང་རྟོན་གྱིས་ཁེངས་ཡོད་པར་མ་ཟད། ཆབ་སྲིད་རང་རྟོགས་ལ་མཆན་འགྲེལ་དང་ཏང་གཤིས་རང་གཅུན་གྱི་རྩ་བ་ཚུགས་པར་བྱས་པ་དང་། འཕེལ་རྒྱས་ཀྱི་རང་སྟོབས་གསལ་བསྒྲགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ན་ནིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱ་དགོས་པ་དང་། བསམ་བློ་དང་བྱ་བ། འཕེལ་རྒྱས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་དགོས་ལ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་གླེང་བ། ཏང་གིས་འགོ་ཁྲིད་ལ་བཅངས་པའི་དགའ་ཞེན་ཇེ་དྲག་ཏུ་གཏོང་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོར་འཛིན་པ། རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་སྤྱི་ཡོངས་ཁྲོད་དུ་མཚོ་སྔོན་ཀྱི་ལས་དོན་སྣ་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་དེ་ལག་ལེན་དངོས་སུ་བསྒྱུར་ནས་ཡོངས་འགྲུབ་བྱ་དགོས་ཟེར།
ཞིན་ཁྲང་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མིག་རྒྱང་རིང་ཞིང་བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། དུས་རབས་རང་བཞིན་བཅས་དྲག་པོ་ལྡན་པ་ཞིག་ཡིན་པས། ང་ཚོས་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་ལས་དོན་ཡག་པོར་བསྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ངེས་དོན་གྱི་ཐབས་ལམ་ལྔའི་ཆོད་གཏམ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པའི་ཁྲོད་དུ་ལོ་རྒྱུས་ཀྱི་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཛིན་པ་བཅས་བྱས་ཏེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། གཅིག་མཐུན་གཉིས་ཀྱི་རྒྱས་བཤད་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པའི་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་བྱ་བའི་ཕྱོགས་སོ་སོ་དང་དུས་རིམ་སོ་སོའི་ཁྲོད་འདྲེས་པར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་དང་དངོས་པོའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། བདེ་འཇགས་བཞིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་སྲུབ་སྐྱོབ་བྱེད་པའི་ཁྲོད་དུ། འགན་འཁྲི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་རྐང་བཙུགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་བདེ་འཇགས། ཐོག་མའི་ཐོན་རྫས་གལ་ཆེན་འགན་སྲུང་དང་མཁོ་སྤྲོད། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་ཐོན་ལས་འཕེལ་རྒྱས་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། དུས་རྒྱུན་གྱི་སློབ་སྦྱོང་ཁྲོད་གོ་བ་ཟབ་མོ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་གལ་ཆེན་དེ་བྱེ་བྲག་ཅན་དང་ཞིབ་རྒྱས་ཅན་ཏུ་བཏང་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།
ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། ངེས་དོན་གྱི་ཐབས་ལམ་ལྔའི་ངོས་ཟིན་གལ་ཆེན་ལ་བསམ་བློའི་རང་བཞིན་དང་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན། དོན་དངོས་རང་བཞིན་བཅས་དྲག་པོ་ལྡན་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཡང་བསྐྱར་གོ་བ་ཟབ་མོ་ལེན་པ་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོད་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་ལ་ཡང་བསྐྱར་ཕྱོགས་བསྡོམས་བྱས་པ་ཡིན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པར་རམ་འདེགས་བྱེད་ཐུབ། ངེས་དོན་གྱི་ཐབས་ལམ་ལྔའི་ངོས་ཟིན་གལ་ཆེན་གྱིས་ང་ཚོར་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན་པ་གསལ་བོར་བསྟན་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པར་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡོང་བ་སྲུང་འཛིན་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་འགན་སྲུང་ལག་བསྟར་བཟང་བོ་བྱེད་པ། འཕེལ་རྒྱས་ཀྱི་འགན་ནུས་དང་འགན་འཁྲི་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།
ཝང་དབྱང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ནང་། མི་རིགས་ས་ཁུལ་དང་དར་རྒྱས་མིན་པའི་ས་ཁུལ་གྱི་ཞན་ཆ་གསབ་པ་དང་། མཉམ་དུ་འབད་བརྩོན་དང་། མཉམ་དུ་འཕེལ་རྒྱས་འགྲོ་བའི་རེ་བ་ནན་མོ་བཟུང་ཡོད་ལ། མི་དམས་ཀྱི་གཙོ་འཛིན་གྱི་བློ་ཁོག་ཡངས་པོ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཆེན་པོ་མངོན་ཡོད་པས། སྤྱི་ཡོངས་འཕེལ་རྒྱས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མཚོ་སྔོན་གྱི་དོན་དངོས་དང་དམ་དུ་སྦྲེལ་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། དངོས་སྒྲུབ་ནན་འཛིན་དང་མཉམ་དུ་མཛེས་སྡུག་འཚོ་བ་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་ཡར་བརྩོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་དུ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། མཚོ་སྔོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནམ་ཡང་ལམ་དུ་ཡོད་པར་རིག་པ་དྭངས་གསལ་དང་འགྱུར་མེད་ཀྱི་སྙིང་སྟོབས་སྲུང་འཛིན་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་གཞི་གཅིག་ཅན་རྒྱུན་འཁྱོངས་བྱས་ནས། སྲུང་སྐྱོབ་གཉིས་ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གཙོར་བཟུང་ནས་ཆེད་དོན་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། དྲང་ཕྱོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསམ་བློ་ནམ་ཡང་གཙིགས་སུ་བཟུང་ནས། གཏིང་ཟབ་སར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་རྟག་བརྟན་ཡོང་བ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།
ཀྲང་ཙི་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། དོན་སྙིང་ཟབ་མོ་ལྡན། སྐྱིད་སྡུག་མཉམ་མྱོང་དང་། ཁེ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་འདུས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། ངེས་དོན་ཐབས་ལམ་ལྔའི་ངོས་ཟིན་གལ་ཆེན་ཇེ་དྲག་ཏུ་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱིས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། སེ་འབྲུ་རྡོག་པོ་བཞིན་དུ་མཐུན་སྒྲིལ་མཉམ་གནས་བྱས་ཏེ། རླབས་ཆེན་མེས་རྒྱལ་མཉམ་བསྐྲུན་དང་། མཛེས་སྡུག་འཚོ་བ་གསར་བསྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། རང་ཅག་མི་རིགས་ཀྱི་རང་བཀུར་བསམ་པ་དང་། ལོ་རྒྱུས་ཀྱི་གཟི་ཉམས། བྱ་སྤྱོད་ཀྱི་རང་རྟོགས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ངེས་དོན་ཐབས་ལམ་ལྔའི་ངོས་ཟིན་གལ་ཆེན་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། རང་རྟོགས་སྒོས་ཁྲིམས་ཁང་གི་བྱ་བ་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྤྱི་ཡོངས་ཀྱི་ཁྲོད་འདྲེས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་བསྐྲུན་ལ་དམིགས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་ནས། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་དང་། དྲང་བདེན་དྲང་བཞག་མངོན་འགྱུར་བྱས་ཏེ་མི་དམངས་མང་ཚོགས་ལ་ནམ་ཡང་དྲང་བདེན་དྲང་བཞག་ཚོར་དུ་འཇུག་དགོས་ཟེར།
ཀྲ་ཆིན་ཅིག་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་བ་དེས་ཉིས་སྟོང་ཉེར་གཅིག་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་གསར་བ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་ཡིན་ལ། ངེས་དོན་གྱི་ཐབས་ལམ་ལྔ་ཡིས་མཐོ་ཚད་གསར་བ་ནས་དུས་རབས་གསར་བར་ཏང་དང་མི་དམངས་ཀྱིས་འབད་འཐབ་མདུན་སྐྱོད་ཁྲོད་བསགས་པའི་ཉམས་མྱོང་རྩ་ཆེན་དང་ཆོས་ཉིད་གལ་ཆེན་ལ་ཕྱོགས་སྡོམ་བྱས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་སྤྱི་ཡོངས་ལ་དམིགས་པ་ཕྱོགས་སྡོམ་བྱས་ཡོད་ཅིང་། རིགས་སོ་སོའི་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མཉམ་དུ་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དང་མཛེས་པའི་འཚོ་བ་མཉམ་སྐྲུན་བྱེད་པའི་སྐོར་གྱི་བསམ་བློའི་འདུ་ཤེས་དང་དམིགས་འབེན་གྱི་རྩ་དོན། སྲིད་ཇུས་དང་བྱ་བའི་བྱེད་ཐབས་བཅས་གསལ་སྟོན་བྱས་ཡོད་ལ། འདི་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་སྲུང་བྱ་ཡིན། ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་ལས་ཁུངས་ཀྱིས་རྣམ་པ་གསར་བའི་འོག་གི་མི་རིགས་བྱ་བའི་གལ་ཆེན་རང་བཞིན་དང་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤྱི་ཡོངས་ཀྱི་གོ་གནས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ལ། ཞིབ་བཤེར་ལས་ཁུངས་ཀྱི་ཕྲག་ཏུ་ཡོད་པའི་འགན་འཁྲི་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ངེས་པ་དོན་གྱིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་དགོས། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཞིབ་བཤེར་འགན་འཁྲི་ལག་བསྟར་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།