ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་གྲོས་སྡུར་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོས་གཏམ་བཤད་པར་ཉན་རྗེས། ཝང་དབྱང་གིས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ན་དམངས་གཉེར་དཔལ་འབྱོར་གྱི་བྱས་རྗེས་དང་འབྲལ་ཐབས་མེད། མིག་སྔར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གནོན་ཤུགས་མང་པོར་འཕྲད་ན་ཡང་། སྤྱི་ཁོག་གི་དངོས་ཤུགས་དང་གསར་གཏོད་གསོན་ཤུགས། ཉེན་འགོག་ནུས་པ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་བཟང་། དཀའ་ཁག་ཇེ་མང་དུ་འགྲོ་བ་དང་གནས་བབ་རྙོག་འཛིང་ཅི་འདྲ་ཆེ་ན། ཏང་གི་སྲིད་ཇུས་བྱེད་ཕྱོགས་ཐད་ཡིད་ཆེས་དེ་ལས་ཆེན་པོ་བཅངས་དགོས། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་འགྱུར་མི་སྲིད་པ་དང་། གཡོ་འགུལ་མི་བྱེད་པ་གཉིས་འགྱུར་མི་སྲིད་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁ་ཕྱོགས་འགྱུར་མི་སྲིད། དེ་ནི་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ཀྱིས་ཐག་བཅད་པ་ཡིན་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་ཀྱིན་ཡོད། འབྲེལ་ཡོད་ཕྱོགས་ནས་དམངས་གཉེར་ཁེ་ལས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཞུ་གཏུག་མཚོན་པར་བྱེད་པ། ཁེ་ལས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་མངོན་གསུམ་གྱི་གནད་དོན་ཐག་བཅད་དེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་ཡིད་ཆེས་ཇེ་ཆེར་གཏོང་བ་དང་དཀའ་ཁག་སེལ་བར་རོགས་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།