ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཀྲང་ཀོང་རོང་གཉིས་ཀྱིས་གཏམ་བཤད་པ་དང་། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་། རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དྲ་ལམ་བརྒྱུད་ནས་བརྙན་རིས་སྦྲེལ་མཐུད་ཀྱི་རྣམ་པས་གྲོས་ཞིབ་ཁྲོད་ཞུགས་པ་དང་འཐུས་མི་རྣམས་ཀྱི་བསམ་འཆར་ལ་ཉན།
ཝང་ཅན་ཅུན་གྱིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྩི་སྲུང་བྱས་ཡོད་ལ། ལྷག་པར་དུ་ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཆོས་ཉིད་དང་ཡོད་ཚད་དངོས་ཡོད་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་སྲིད་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་གཏན་འཇགས་རང་བཞིན་དང་ཐབས་ཇུས་ཀྱི་སྤྱོད་ཤེས་རང་བཞིན། བཅོས་སྐྱོང་གི་རྩ་དོན་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་ཁྲོད་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་བཅས་རྒྱུན་འཁྱོངས་བྱས་པས་དུས་རིམ་ལས་བརྒལ་བའི་བློ་གྲོས་དང་བྱེད་ཐབས། རྣམ་པ་བཅས་བཟང་པོར་མངོན་ཡོད་ལ། འདི་ནི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཐད་ཀྱི་འདེགས་སྐྱོར་དང་ཞིབ་ཆ་ཡིན་པས་ང་འདིར་འཐད་པ་ཡིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག སྙན་ཞུ་གཉིས་ལ་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་དགོས།
ཞིན་ཁྲང་ཞིང་གིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་དེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་དམ་པོར་འབྲེལ་ཡོད་ལ། ལངས་གནས་མཐོ་བ་དང་དངོས་འབེབས་གནད་ལ་ཁེལ་བ། བྱེད་ཐབས་དོན་ལ་གནས་པས་ང་འདིའི་ཐད་འཐད་པ་ཡིན། ལོ་གཅིག་གི་རིང་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བཟུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་པ་དང་། སྤྱི་ཁོག་དཔལ་འབྱོར་བརྟན་འཇགས་ཡིན་པ་དང་ཁག་ཁུར་ཕོད་པ། འཐབ་ཇུས་ཁྲིད་སྟོན་གཙོ་བོ་ལག་བསྟར་བྱེད་པར་སྐུལ་སློང་དང་། བཅོས་སྒྱུར་གྱི་གོམ་ཁ་བརྟན་ལ་མྱུར་བར་སྐུལ་འདེད་གཏོང་བ། ཞབས་ཞུའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བཅས་ལ་རྒྱབ་སྐྱོར་བླ་མེད་བྱས།
ཀྲང་ཀོང་རོང་གིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་ལ། རྣམ་པར་ཞིབ་འཇུག་དང་བརྡར་གཅོད་བྱས་པ་གནད་ལ་ཁེལ་བ། ལས་འགན་གཙོ་བོ་གསལ་བོ་ཡིན་པ། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་སྙན་ཞུ་འཐུས་ཚང་དང་རྒྱ་བསྐྱེད་པ་དང་། དངོས་ཡོད་ཅན་དང་ཞིབ་ཆ་ཅན་དུ་བཏང་བས་དེར་འཐད་པ་ཡིན། འདས་པའི་ལོ་གཅིག་གི་རིང་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པ་དང་། སྤྱི་ཡོངས་ལ་དམིགས་པ་དང་གནས་བབ་ལ་ཚན་རིག་མཐུན་པའི་ཞིབ་འཇུག་དབྱེ་ཞིབ་དང་བརྡར་གཅོད་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གི་དགོངས་དོན་མངོན་འགྱུར་བྱས་ལ། གྲུབ་འབྲས་དེ་ལས་སླ་མོ་ཞིག་ཡིན། ད་ལོའི་བཀོད་སྒྲིག་ཚན་རིག་དང་ལུགས་མཐུན་ཡིན་ལ། གཙོ་གནད་འབུར་དུ་ཐོན་ཡོད།
མཱ་ཡེ་སི་ཧྥུའུ་དང་མཱ་ཧྥུའུ་ཁྲང་། པེ་ཧྲིན་ཀྲུང་། ཤ་བོ་སྒྲོལ་མ། ཧན་ཞའོ་ཝུའུ་སོགས་འཐུས་མིས་གཏམ་བཤད།
མི་ཕམ་མགོན་པོས་བསྒྱུར།