ཝང་ཧུའུ་ཉིང་གིས་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གྲོས་སྡུར་བྱས།
2022.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་གོ་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་གྲོས་སྡུར་ལ་ཞུགས།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཀྲུང་གོ་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོས་གཏམ་བཤད་པར་ཉན་རྗེས། ཝང་ཧུའུ་ཉིང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་གསར་བ་འགོ་བརྩམས། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་ནས། རྒྱ་ཆེའི་མང་ཚོགས་བསྐྱོད་ལམ་གསར་བར་ཞུགས་པ་དང་དུས་རབས་གསར་བའི་ནང་བྱས་རྗེས་འཇོག་པར་སྐུལ་སློང་་གཏོང་དགོས། གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་ཚོས་དུས་རབས་གསར་བའི་མང་ཚོགས་ཚོགས་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།