ཀྲའོ་ལི་ཅི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
2022.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 111

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཀྲའོ་ལི་ཅི་ཡིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཚུགས་པར་སྐུལ་འདེད་བཏང་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བཞག ད་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་རྒྱུ་ཡིན་པས། ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་ཉི་ཤུ་བར་བསུ་མ་བྱེད་པ་དང་ཚོགས་ཆེན་ཉི་ཤུ་པ་བཟང་བོར་བསྡུ་བ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པར་དམིགས་ཏེ་བྱ་བ་བསྒྲུབ་པར་འཆར་འགོད་བཟང་བོ་བྱེད་པ་དང་། རྒྱུན་མཐུད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས་ལ། གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་དགོས། དཀྱིལ་སྙིང་བྱ་བ་གཅིག་སྡུད་བྱས་ཏེ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་པ། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།