ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས།
2022.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས། ཧན་ཀྲིན་གྱིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ཡང་བསྐྱར་གྲུབ་འབྲས་གསར་བ་ཐོབ། ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བ་དང་ཨོ་མིན་པ་ཡིས་ཨོ་མིན་སྐྱོང་བའི་ཚད་མཐོན་པའི་རང་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། བློ་ཐག་རྦད་ཆོད་སྒོས་ཞང་ཀང་དང་ཨོ་མིན་གྱི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱས། དེང་སྐབས་ཞང་ཀང་གི་རིམས་ནད་གནས་བབ་ཛ་དྲག་ཆེ་བས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་སོ་སོ་དང་ས་གནས་སོ་སོས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོབ་བྱས་ནས། དངོས་རྫས་འདོན་སྤྲོད་འགན་སྲུང་བྱེད་པ་དང་སྨན་བཅོས་མྱུར་སྐྱོབ་ལ་ཤུགས་སྣོན་པ། རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་དགོས། ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་ནན་མོ་བྱས་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས། དམངས་ཚིས་ལེགས་བཅོས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།