མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2022.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 81

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཞིན་ཁྲང་ཞིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲང་ཀོང་རོང་དང་། ཐིན་ཅཱ་ཚེ་སོགས་འཐུས་མིས་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དྲ་ལམ་བརྙན་རིས་བརྒྱུད་དེ་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མིས་བཏོན་པའི་བསམ་ཚུལ་ལ་ཉན།

ཀྲང་ཀོང་རོང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་རྩོམ་སྲོལ་བབ་ཆགས་ཤིང་། ཕྱི་རོལ་གྱི་དོན་དངོས་དང་མཐུན་ལ། ཚན་རིག་རང་བཞིན་ལྡན་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཡོངས་སུ་ཁྱབ་པར་བྱས་ཡོད་པས། ཆབ་སྲིད་རང་བཞིན་དང་། དོན་གཉེར་རང་བཞིན། མི་དམངས་རང་བཞིན། བཅོས་བསྒྱུར་རང་བཞིན། ཁྲིམས་ལུགས་རང་བཞིན་བཅས་དྲག་པོ་ལྡན་པ་དང་། ཏང་གི་བློ་སྤོབས་མཚོན་པ་དང་། ཆོས་ཉིད་ཁྱད་ཆོས་དམ་འཛིན་བྱས་པ་མ་ཟད། མི་དམངས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་དོ་སྣང་བྱེད་ཡུལ་ལ་ཕྱིར་ལན་ཟློག་པ། ཕྱོགས་སོ་སོའི་ངོས་འཛིན་གཅིག་བསྡུ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ཡོངས་སུ་མོས་མཐུན་ཡོད། སྙན་ཞུ་ལས་ད་ལོའི་བྱ་བ་བཀོད་སྒྲིག་བྱེད་སྐབས། ཆབ་སྲིད་ཀྱི་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་མཐའ་གཅིག་ཏུ་བྱས་ཏེ། གཏན་ཁེལ་གཉིས་སྲུང་བ་དང་། སྲུང་སྐྱོབ་གཉིས་སྒྲུབ་པ་དང་། ཧུར་ཐག་གཏན་འཇགས་དང་ཚན་རིག་དང་མཐུན་པར་བྱས་ཡོད་ལ། རྒྱལ་སྐྱོང་སྲིད་གཉེར་གྱི་འཆར་འགོད་ཟབ་མོ་དང་། ཆུ་ཚད་མཐོན་པོ་ཡོངས་སུ་མངོན་པར་བྱས་ཡོད་པས། འབད་འཐབ་བརྩོན་ལེན་གྱི་རྣམ་འགྱུར་དང་དཀའ་ངལ་གདོང་གིས་བསུ་བའི་འགན་འཕྲི་མངོན་པར་བྱས་ཡོད།

ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་གཙོ་བོར་བསྟན་ཡོད་ལ། ཆབ་སྲིད་ལངས་གནས་མཐོ་ཞིང་། སྤྱིའི་འདུ་ཤེས་དྲག་པོ་ལྡན། གྲུབ་འབྲས་གསར་བ་དང་། འགྱུར་ལྡོག་གསར་བ་ཕྱོགས་སོ་སོ་ནས་མངོན་པར་བྱས་ཡོད། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲང་པའི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་བཏང་ཡོད་པས། ཡོངས་སུ་མོས་མཐུན་ཡོད། སྙན་ཞུ་བཟང་བོའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས། མཚོ་སྔོན་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོ་བས་འཕེལ་རྒྱས་སུ་འགྲོ་བར་སྐུད་འདེད་ནན་མོ་གཏོང་དགོས། ལྷག་པར་སྲུང་སྐྱོབ་གཉིས་གཅིག་འདུས་ཀྱིས་ཆབ་སྲིད་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ་དང་། ཕྱོགས་བསྡུས་ལྟ་སྐུལ་ལས་ཁུངས་ཀྱིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ཁྱབ་ཁོངས་སུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་ཕྱོགས་ངན་པ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་དང་རྩད་གཅོད་ནན་མོ་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་དོན་དངོས་སུ་སྲུང་སྐྱོབ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་ཕན་འབྲས་ལྡན་པའི་ནུས་པ་དོན་དངོས་སུ་འདོན་སྤེལ་བྱེད་དགོས།

ཁུང་ཆིན་ཅུས། ཧྲ་ཧྥིན། ཀྲང་ཡུང་ལིས། ཨ་ཧྲིན་ཆིན། ཧན་ཞའོ་ཝུའུ། ཁྲིན་ལིས་ཧྥིན། མཱིན་ཧའེ། དཔལ་རྒྱལ་བཀྲ་ཤིས་སོགས་འཐུས་མིས་གཏམ་བཤད།

                                                                                 རིག་འཛིན་སྒྲོལ་མས་བསྒྱུར།