ལིས་ཁི་ཆང་གིས་དཔལ་འབྱོར་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གྲོས་སྡུར་བྱས།
2022.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་དྲུག་ཉིན། ལིས་ཁི་ཆང་གིས་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་མཛད་པར་མ་ཟད་གྲོས་སྡུར་ལ་ཞུགས།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་ཚེས་དྲུག་ཉིན་སོ་སོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་ལ་འཚམས་འདྲི་མཛད་པ་མ་ཟད་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས། ཚང་མ་དང་མཉམ་དུ་རྒྱལ་དོན་ལ་གྲོས་སྡུར་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན་རྗེས། ཁོང་གིས་གསུང་རྒྱུར། འདས་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱས་པས། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ཡང་བསྐྱར་གྲུབ་འབྲས་གལ་ཆེན་གསར་བ་བླངས། གྲུབ་འབྲས་དེའི་ཁྲོད་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སེམས་ཤུགས་དང་རིག་སྟོབས་འདུས། ད་ལོར་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་བྱ་བ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱེད་ན། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ལུགས་མཐུན་གྱི་བར་སྟོང་དུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲལ་སློག་ཁྲལ་འཕྲིའི་བྱེད་ཐབས་བཀོལ་སྤྱོད་བྱེད་པ། ཚོང་རའི་གཙོ་གཞི་གཏན་འཇགས་སུ་གཏོང་བ་བརྒྱུད་དེ་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་དམངས་ཚིས་འགན་སྲུང་བྱེད་དགོས། ད་ལོའི་ནོར་སྲིད་འགྲོ་གྲོན་སྔོན་རྩིས་བརྒལ་བའི་གནས་ཚུལ་ཇེ་ཉུང་དུ་སོང་བ་དང་། འགྲོ་སོང་གཞི་ཁྱོན་མངོན་གསལ་སྒོས་ཇེ་ཆེར་སོང་ལ། གཙོ་བོ་ནི་གཏན་ཁེལ་བྱས་པའི་རྒྱལ་དབང་དངུལ་རྩ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཡར་སྤྲོད་བྱས་པའི་ལོ་འདི་འགའི་གསོག་དངུལ་བསྡོམས་རྩིས་སྐྱེད་ཀ་ཡིན་པ་དང་། མ་དངུལ་དེ་སྔ་ལོ་དང་ན་ནིང་གཉིས་ལ་བཀོལ་སྤྱོད་མ་བྱས་པར་ད་ལོར་བཞག་ཡོད་པས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་དེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་སྔར་ལས་ཆེར་སྐྱེད་དགོས།

རིན་ཆེན་མཚོས་བསྒྱུར།