ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་མཛད་པར་མ་ཟད་གྲོས་སྡུར་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། འདས་པའི་ལོ་གཅིག་ནང། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་གྲུབ་འབྲས་གསར་བ་གལ་ཆེན་བླངས་པ་དང་། དེའི་ཁྲོད་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་ལྷན་ཚོགས་འདུ་བའི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འབད་བརྩོན་དང་རྔུལ་ཆུ་འདུས། ལིས་ཀྲན་ཧྲུའུ་ཡིས། དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱིས་བློ་འདོན་ཇུས་འབུལ་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་དགོས། གཉིས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་སྲིད་གྲོས་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཛུགས་སྐྲུན་བྱེད་དགོས། གསུམ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།