མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2022.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 70

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར།    རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཅིག་བསྡུས་སློབ་སྦྱོང་བྱས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས།  ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་།   ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   ཐིན་ཅཱ་ཚའེ་དང་ཝང་དབྱང་།   ཀྲང་ཙི་ཅུན།   ཀྲ་ཆིན་ཅིག་བཅས་ཀྱིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་བསམ་བློ་གཏིང་ཟབ་ཅིང་དོན་སྙིང་ཆེན་པོ་ལྡན་པ་དང་། ཁ་ཕྱོགས་གསལ་བོ་ཡིན་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་དགོངས་པའི་འཕེལ་རྒྱས་ཆེན་པོ་དང་།  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཛིན་པའི་ཁ་ཕྱོགས་གསལ་བོ་དང་།   ལོ་རྒྱུས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་།   ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་གཏོང་བའི་འཆད་འགྲེལ་ཟབ་མོ།   ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག    རླབས་ཆེན་གྱི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ལག་ལེན་བླང་བྱ་བཅས་ཡིན་པ་དང་།   མི་རིགས་ཀྱི་ལ་རྒྱ་མངོན་པར་བྱས་པ་དང་ལོ་རྒྱུས་ཡིད་རྟོན་གྱིས་ཁེངས་ཡོད་པར་མ་ཟད།   ཆབ་སྲིད་རང་རྟོགས་ལ་མཆན་འགྲེལ་དང་ཏང་གཤིས་རང་གཅུན་གྱི་རྩ་བ་ཚུགས་པར་བྱས་ལ།   འཕེལ་རྒྱས་རང་སྟོབས་ གསལ་བསྒྲགས་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ན་ནིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱ་དགོས་པ་དང་།   བསམ་བློ་དང་བྱ་བ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་དགོས་ལ།    གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།   ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་གླེང་བ།  ཏང་དང་འགོ་ཁྲིད་བཅངས་པའི་དགའ་ཞེན་ཇེ་དྲག་ཏུ་གཏོང་བ།   བསམ་བློ་དང་ཆབ་སྲིད།  འགུལ་སྐྱོད་བཅས་ཀྱི་སྟེང་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ།  ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།   ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོར་འཛིན་པ།   རྒྱལ་ཡོངས་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་སྤྱི་ཡོངས་ཁྲོད་དུ་མཚོ་སྔོན་ཀྱི་ལས་དོན་སོ་སོ་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རེ་བ་དེ་ལག་ལེན་དངོས་སུ་བསྒྱུར་ནས་ཡོངས་འགྲུབ་བྱ་དགོས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མིག་རྒྱང་རིང་བ་དང་བསམ་བློ་གཏིང་ཟབ་ཅིང་།  ནང་དོན་ཕུན་སུམ་ཚོགས་པ་དང་།    ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན།   དུས་རབས་རང་བཞིན་དྲག་པོ་ལྡན་པས།   ང་ཚོས་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་ལས་དོན་ཡག་པོར་བསྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།   ངེས་དོན་གྱི་ཐབས་ལམ་ལྔའི་ཆོད་གཏམ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པའི་ཁྲོད་དུ་ལོ་རྒྱུས་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།    གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་གཉིས་བཟང་བོ་བསྒྲུབ་པ།    རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཛིན་པ་བཅས་བྱས་ཏེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ།   ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།    ཐུན་མོང་གཉིས་ཀྱི་རྒྱས་བཤད་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པའི་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་བྱ་བའི་ཕྱོགས་སོ་སོ་དང་དུས་རིམ་སོ་སོའི་ཁྲོད་འདྲེས་པར་བྱེད་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་དང་དངོས་པོའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས།      བདེ་འཇགས་བཞིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་སྲུབ་སྐྱོབ་བྱེད་པའི་ཁྲོད་དུ།    འགན་འཁྲི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།   སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་རྐང་བཙུགས་ཏེ།   རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཇེ་ཞིབ་ཏུ་བཏང་སྟེ་མཚོ་སྔོན་གྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར།     ངེས་དོན་གྱི་ཐབས་ལམ་ལྔའི་ངོས་ཟིན་གལ་ཆེན་ལ་བསམ་བློའི་རང་བཞིན་དང་གཞུང་ལུགས་རང་བཞིན།   མཛུབ་སྟོན་རང་བཞིན།  དོན་དངོས་རང་བཞིན་བཅས་དྲག་པོ་ལྡན་པ་དང་།  དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཡང་བསྐྱར་གོ་བ་ཟབ་མོ་ལེན་པ་དང་།   གུང་ཁྲན་ཏང་གི་སྲིད་སྐྱོང་ཆོད་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་ལ་ཡང་བསྐྱར་སྤྱི་བསྡོམས་བྱས་པ་ཡིན་ལ།   ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་པ་དང་།   འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།   ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པར་རོགས་འདེགས་བྱ་ཐུབ།

ཝང་དབྱང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ནང་། མི་རིགས་ས་ཁུལ་དང་དར་རྒྱས་མིན་པའི་ས་ཁུལ་གྱི་མི་འདང་ས་གསབ་པ། མཉམ་དུ་འབད་བརྩོན་དང་། མཉམ་དུ་འཕེལ་རྒྱས་འགྲོ་བའི་རེ་བ་ནན་མོ་བཟུང་ཡོད་ལ། མི་དམས་ཀྱི་སྣེ་ཁྲིད་པའི་སེམས་རྒྱ་ཡངས་མོ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཀྱིས་ཕྱུག་ཡོད། སྤྱི་ཡོངས་འཕེལ་རྒྱས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མཚོ་སྔོན་གྱི་དོན་དངོས་དང་དམ་དུ་སྦྲེལ་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་རྒྱུན་འཁྱོངས་དང་། དངོས་སྒྲུབ་ནན་འཛིན་དང་མཉམ་དུ་མཛེས་སྡུག་འཚོ་བ་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་ཡར་བརྩོན་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་དུ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། མཚོ་སྔོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་གིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་རྒོལ་བའི་ལམ་བར་དུ་ཁ་གསལ་འགྱུར་མེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པའི་གཞི་གཅིག་ཅན་རྒྱུན་འཁྱོངས་བྱས་ནས། སྲུང་སྐྱོབ་གཉིས་ལ་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གཙོར་བཟུང་ནས་ཆེད་དོན་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། དྲང་ཕྱོགས་ཀྱི་རུལ་སུངས་ལ་རྒོལ་བའི་བསམ་བློ་ནམ་ཡང་གཙིགས་སུ་བཟུང་ནས་གཏིང་ཟབ་སར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རང་ཉིད་གསར་བརྗེའི་སྙིང་སྟོབས་རྟག་བརྟན་ཡོང་བ་བྱས་ཏེ། དོན་དངོས་འགུལ་བསྐྱོད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲང་ཙི་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། དོན་སྙིང་ཟབ་མོ་ཡོད། སྐྱིད་སྡུག་མཉམ་མྱོང་དང་། ཁེ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་འདུས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་། ངེས་དོན་ཐབས་ལམ་ལྔའི་ངོས་ཤེས་གལ་ཆེན་ཇེ་དྲག་ཏུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོས་སྣེ་ཁྲིད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། སེ་འབྲུ་རྡོག་པོ་བཞིན་དུ་མཐུན་སྒྲིལ་མཉམ་གནས་བྱས་ཏེ། རླབས་ཆེན་མེས་རྒྱལ་མཉམ་བསྐྲུན་དང་། མཛེས་སྡུག་འཚོ་བ་གསར་བསྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ།  རང་ཅག་མི་རིགས་ཀྱི་རང་བཀུར་བསམ་པ་དང་། ལོ་རྒྱུས་གཟི་ཉམས་དང་། འགུལ་བསྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་མ་ལག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟོན་པོ་བཙུགས་ཏེ། ངེས་དོན་ཐབས་ལམ་ལྔ་ཡི་ངོས་ཤེས་གལ་ཆེན་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། རང་རྟོགས་སྒོས་ཁྲིམས་ལུགས་བྱ་བ་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྤྱོ་ཡོངས་ཀྱི་ཁྲོད་འདྲེས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་བསྐྲུན་ལ་དམིགས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་སྐུལ་འདེད་དང་། ཁྲིམས་ལྟར་སྤྱི་ཡོངས་ལ་ཞབས་ཞུ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་ནས། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་དང་། དྲང་བདེན་དྲང་བཞག་མངོན་འགྱུར་ཡོང་བ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ནམ་ཡང་དྲང་བདེན་དྲང་བཞག་ཚོར་ཐུབ་པ་བྱེད་དགོས།

ཀྲ་ཆིན་ཅིག་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་ཚབ་ཚོགས་པར་གསུང་བཤད་གལ་ཆེན་གནང་བ་དེས་ཉིས་སྟོང་ཉེར་གཅིག་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་སོ་སོས་གསར་དུ་བླངས་པའི་གྲུབ་འབྲས་གལ་ཆེན་ཁས་ལེན་གང་ལེགས་གནང་བ་ཡིན་ལ། ངེས་དོན་གྱི་ཐབས་ལམ་ལྔ་ཡིས་མཐོ་ཚད་གསར་བ་ནས་དུས་རབས་གསར་བའི་ཏང་དང་མི་དམངས་ཀྱི་འཐབ་ལམ་གསར་བའི་ཉམས་མྱོང་དང་ཆོས་ཉིད་གལ་ཆེན་སྤྱི་སྡོམ་བྱས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་སྤྱི་ཡོངས་ལ་དམིགས་པ་སྤྱི་སྡོམ་བྱས་ཡོད་ཅིང་། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མཉམ་དུ་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དང་མཛེས་པའི་འཚོ་བ་མཉམ་སྐྲུན་བྱེད་པའི་སྐོར་གྱི་བསམ་བློའི་འདུ་ཤེས་དང་དམིགས་འབེན་གྱི་རྩ་དོན། སྲིད་ཇུས་ཐབས་ལམ། བྱ་བའི་བྱེད་ཐབས་བཅས་གསལ་སྟོན་བྱས་ཡོད་ལ། འདི་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་སྲུང་བྱ་ཡིན། ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་ལས་ཁུངས་ཀྱིས་རྣམ་པ་གསར་བའི་འོག་གི་མི་རིགས་བྱ་བའི་གལ་ཆེན་རང་བཞིན་དང་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤྱི་ཡོངས་ཀྱི་གོ་གནས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་ལ་དམ་དུ་དམིགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས།

       མིན་ཧེ་དང་ཁུང་ཆིན་ཅུའུ་སོགས་འཐུས་མིས་གཏམ་བཤད།