རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་ཚེས་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པར་ཉན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆེན་ལིས་དང་ལིའུ་ཆི་པའོ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་གུང་། མཱ་པིའོ། ཁྲིན་ཞའོ་གུང་། ལེང་ཀྲིན་དབྱིན། ལིས་པེན། པཱ་ཐི་ཨེར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧོང་གིས་མགོ་འཛིན་བྱས།
ཨུ་ཡོན་ཀི་ཧོས་ཅུན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། ད་ལོར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དོན་བཟང་ཡིན། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་ཚོས་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སྙིང་སྟོབས་ཆེན་པོ་དང་འགན་སྒྲུབ་སྤྲོ་སེམས་ཆེན་པོས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞིའི་འཛུགས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ལག་བསྟར་པ། དུས་རབས་གསར་བར་བྱས་རྗེས་འཇོག་པའི་འབད་འཐབ་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ངང་འགན་འཁྲི་ལག་བསྟར་བྱས་ནས་ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།
ཨུ་ཡོན་ཝང་དབྱི་མེན་གྱིས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་སུ་གཏོང་བར་སྔོན་དཔག་བྱེད་ཐུབ་པ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་སྒུལ་ནུས་ཡོད་པ་དང་། གནོན་ཤུགས་འོག་མཉེན་ཆ་མངོན་པ། འགྲན་རྩོད་ཁྲོད་གོ་སྐབས་སྐྱེད་སྲིང་བྱེད་པ། འགྱུར་ལྡོག་ཁྲོད་རྣམ་པ་གསར་བ་བསྐྲུན་པ། ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ངོས་ཕྱོགས་འགྱུར་མེད། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་ན། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་ཐུབ་པ་ཁོ་ཐག་ཡིན།
ཨུ་ཡོན་ཝང་ཧུང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བཤད་རྒྱུར། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པའི་དགོས་མཁོ་ཡིན་པ་མ་ཟད། གྲོང་གསེབ་དར་སྤེལ་དང་ཞིང་སྡེ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་རེ་བ་དེ་ལས་ཀྱང་ཡིན། ཞིང་སྡེའི་ཁྱད་ཆོས་རྨང་གཞི་རུ་བྱེད་པ་དང་མཁར་གྲོང་མཉམ་བསྲེས་བྱེད་པ་སྒུལ་ཤུགས་སུ་བྱེད་པ། ཞིང་བས་ལས་སྐྲུན་བྱེད་པ་བྱེད་ཐབས་སུ་བྱས་པའི་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས་ཏེ། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་འདིངས་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཀའོ་ཕེ་ཡུང་གིས་བཤད་རྒྱུར། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་ན་ལས་ཆོད་དང་འདྲ་མཉམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། གོ་སྐབས་འདྲ་མཉམ་དང་རྒྱུད་རིམ་འདྲ་མཉམ་ལ་དོ་སྣང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་དམངས་འཚོ་བ་ལེགས་བསྒྱུར་བྱེད་པར་དོ་སྣང་བྱེད་པ། དུས་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་ཁེལ་བྱེད་པ། མི་དམངས་ཡོངས་ལ་རྒྱབ་རྟེན་ནས་མཉམ་དུ་འབད་འཐབ་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ལིའུ་ཀྲིན་ཏུང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་བཤད་རྒྱུར། དམངས་གཉེར་ཁེ་ལས་ཀྱིས་གཏན་འཇགས་ངང་འཕར་སྣོན་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། སྔོན་དཔག་གི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཀའ་གནད་ཐག་གཅོད་པ། དམངས་ཁྲོད་ཀྱི་དངུལ་གཏོང་ཚད་ལྡན་དུ་གཏོང་བ། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། ཁེ་ལས་ནང་སྡོམ་མ་ལག་འཐུས་ཚང་དུ་བཏང་སྟེ། འཕར་སྣོན་གྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།
ཨུ་ཡོན་ཁྲིན་མིན་ཧྲན་གྱིས་གཏམ་བཤད་སྐབས། རྒྱལ་ཁབ་ཀྱིས་ཤར་བྱང་བདེ་ཐང་དང་ཧོང་ཧོའེ་ཧའེ་བདེ་ཐང་། འབྲི་ཆུ་བར་སྨད་རྒྱུད་བདེ་ཐང་བཅས་ལ་སྤྱི་ཁོག་ནས་བཀོད་སྒྲིག་བྱེད་པ་དང་། ཐོག་མར་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱས་ནས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། འབྲུ་རིགས་སྔར་ལས་སྤུས་ལེགས་སུ་ལས་སྣོན་བྱེད་པ་དང་ཕན་མཐོ་བའི་སྒོ་ནས་འདེབས་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། འབྲུ་རིགས་སྐྱེལ་འདྲེན་བར་ཁྱམས་འཛུགས་སྐྲུན་བྱེད་པ་དང་། ཐོན་སྐྱེད་བྱེད་ཐུབ་པ་དང་མྱུར་དུ་སྐྱེལ་འདྲེན་བྱེད་པ། མཁོ་འདོན་བྱེད་ཐུབ་པའི་ཕན་མཐོའི་མཁོ་འདོན་མུ་ཐག་གྲུབ་པར་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིངས་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཧྲིན་ནན་ཕིན་གྱིས་བཤད་རྒྱུར། ཐཱན་འཕྲི་དང་ཤར་ནུབ་རྒྱུད་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་སྟེ། ནུབ་རྒྱུད་ས་ཁུལ་གྱི་དག་གཙང་ནུས་ཁུངས་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་དགོས། ས་ཁོངས་བརྒལ་བའི་བསྐྱར་བཀོལ་ནུས་ཁུངས་ཆ་སྡེབས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལས་ཁུངས་ཀྱི་ཐཱན་ཕྱིར་འདོན་དེ་ཐོན་ལས་འགན་ལེན་ཕྲག་ཁུར་གྱི་ཚད་འཇལ་སར་བྱས་ནས། དག་གཙང་ནུས་ཁུངས་ཐོན་ལས་ནུབ་རྒྱུད་ནས་འཕེལ་རྒྱས་སུ་གཏོང་དགོས།
ཨུ་ཡོན་ཧོང་ཀྲིན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། འཕྲི་གཉིས་སྲིད་ཇུས་ནི་སློབ་གསོ་འདྲ་མཉམ་ལ་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་དང་། སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའི་ལམ་བུ་ཡང་དག་ཡིན། སྲིད་ཇུས་ཀྱི་དྲིལ་སྒྲོག་འགྲེལ་ཀློག་བཟང་བོར་བྱེད་པ་དང་། རྨང་གཞིའི་སློབ་གསོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། རྨང་གཞི་སློབ་གསོ་ཐད་ཀྱི་མཁར་གྲོང་བར་དང་སློབ་གྲྭ་བར་གྱི་བར་ཐག་ཇེ་ཆུང་དུ་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་སྣ་མང་ཅན་དང་ཁྱད་ཆོས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། འཕྲི་གཉིས་སྲིད་ཇུས་ཐད་ནས་ཕན་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཐེན་ཆིན་ཞིན་གྱིས་བཤད་རྒྱུར། རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། དྲང་སྲུང་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྩེ་སེམས་ལྡན་པའི་སྒོ་ནས་མི་དམངས་ཀྱི་འདོད་བློ་མཚོན་པར་བྱེད་པ། དུས་རབས་ཀྱི་འགྱུར་ལྡོག་དང་ཀྲུང་གོའི་འཕེལ་རྒྱས། མི་དམངས་འདོད་བློ་མཚོན་པའི་དུས་རབས་གསར་བའི་ལོ་རྒྱུས་སྙན་ངག་བརྩམས་ཆོས་གསར་རྩོམ་བྱས་ནས། དུས་རབས་གསར་བའི་རྩོམ་རིག་སྒྱུ་རྩལ་གྱི་མཐོ་རླབས་འཕྱུར་བར་བྱེད་དགོས།
ཨུ་ཡོན་ཝེ་མེན་ཏི་ཡིས་བཤད་རྒྱུར། ཞང་ཀང་གིས་མེས་རྒྱལ་ལ་རྒྱབ་རྟེན་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་དགེ་མཚན་ལྡན་ལ། མིའི་རིགས་ཀྱི་ཚེ་སྲོག་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས། ཞང་ཀང་གི་སྐོར་ཐེངས་ལྔ་བའི་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་བྱས་པ་དང་། ཀྲུང་དབྱང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞང་ཀང་གིས་རིམས་འགོག་བྱེད་པར་རོགས་རམ་བྱས། ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་ཐེངས་འདིའི་རིམས་འགོག་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། རིམས་ནད་རྗེས་སུ། ཞང་ཀང་གིས་ཤར་ཕྱོགས་ཀྱི་མུ་ཏིག་གི་གཟི་མདངས་ལ་མཐོང་ཆེན་བྱེད་པ་དང་། ཁྱད་འཕགས་དགེ་མཚན་དང་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། འཛམ་གླིང་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན།
ཨུ་ཡོན་ཀྲང་ཙིག་ཞི་ཡིས་ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མནའ་འབྲེལ་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བཤད་རྒྱུར། ཐའེ་ཝན་སྤུན་ཟླས་མེས་རྒྱལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཞོར་དུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བླ་མེད་འགན་འཁྲི་ཕྲག་ཏུ་ལེན་དགོས། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱི་ཁོག་གི་ཇུས་ཆོད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་མཐུན་སྒྲིལ་དམ་ཟབ་བྱེད་པ། མཉམ་དུ་འབད་འཐབ་བྱེད་པ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པ། འགྲམ་ངོགས་གཉིས་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། མེས་རྒྱལ་ཁྱོན་ཡོངས་ནས་གཅིག་གྱུར་བྱེད་པའི་ཐད་དམངས་སེམས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་བསྡུ་རུབ་བྱེད་དགོས།
ཨུ་ཡོན་སུང་ཏུང་ཧྲིན་གྱིས་བཤད་རྒྱུར། མདོར་བསྡུས་དང་བདེ་འཇགས། ཕུན་སུམ་ཚོགས་པའི་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་འགྲན་ཚོགས་དུས་ལྟར་བསྡུས་ལ། དེ་ནི་ཀྲུང་གོ་མི་དམངས་ཀྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འཕེལ་རྒྱས་སུ་གཏོང་བའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཡིན་པ་དང་། འཛམ་གླིང་ཡོངས་ལ་མིའི་རིགས་ཀྱིས་དཀའ་ཁག་གི་མདུན་དུ་དཔུང་བ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མཇུག་མཐར་རིམས་ནད་ལས་རྒྱལ་ཁ་ལེན་པ་དང་འཛམ་གླིར་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྣན། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པ་དང་། ཨོ་ལིན་ཕིག་གི་ཤུལ་རྫས་རྒྱུན་འཛིན་བྱེད་པ། ཨོ་ལིན་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ། མི་རིགས་བསྐྱར་དར་ཐད་ཤུགས་བསྣན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།