ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་དང་འདེམ་བསྐོའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་འཆར་ཟིན། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་པའི་བྱེད་ཐབས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་། ཞིན་ཁྲང་ཞིན་གྱིས་གཏམ་བཤད་པ་དང་། ཀྲང་ཀོང་རོང་གིས་མགོ་འཛིན་བྱས། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཁྲིམས་དོན་ཚན་ཆུང་གི་བློ་མཐུན་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མིའི་བསམ་ཚུལ་ལ་ཉན།
ཝང་ཅན་ཅུན་གྱིས་བཤད་རྒྱུར། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་བྱས་པ་དེས། ཏང་གི་གཙོ་འཛིན་དང་མི་དམངས་ཀྱི་འདོད་བློ་གཉིས་གཅིག་གྱུར་ཡོང་བ་ཡོངས་སུ་མངོན་ཡོད་ལ། ངོས་འཛིན་གསལ་བོ་དང་ཤེས་རྟོགས་ཡོད་པ་བྱས་ཏེ། བཟོ་བཅོས་ཀྱི་དགོས་གལ་རང་བཞིན་དང་དོན་སྙིང་གལ་ཆེན། མཛུབ་སྟོན་བསམ་བློ། རྩ་བའི་གཞི་འཛིན་ས། བྱ་བའི་བརྒྱུད་རིམ། ནང་དོན་གལ་ཆེན་སོགས་ཁོང་དུ་ཆུད་པ་བྱས་ཡོད་པས། བཟོ་བཅོས་འཆར་ཟིན་ལ་ཡོངས་སུ་མོས་མཐུན་ཡོད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་ཡག་པོ། སྦྲེལ་མཐུད་ལེགས་པོ། དངོས་འབེབས་ནན་མོ་བྱས་ནས།མཚོ་སྔོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་དང་འདེམ་བསྐོའི་བྱ་བ་ལེགས་པོར་སྒྲུབ་ན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བཅོས་དང་།བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་པས། འཆར་ཟིན་ཐག་ཆོད་ལ་ཡོངས་སུ་མོས་མཐུན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་གྱི་ཇུས་ཆོད་བཀོད་སྒྲིག་ལྟར། སྐབས་གསར་བའི་རྒྱལ་ཡོངས་དམངས་ཆེན་དང་ས་གནས་ཞིང་ཆེན་རིམ་པའི་དམངས་ཆེན་འཐུས་མིའི་འདེམ་བསྐོའི་བྱ་བར་རྩ་འཛུགས་ཞིབ་མོ་བྱས་ཏེ། འདེམ་བསྐོའི་བརྒྱུད་རིམ་ཧྲིལ་བོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད། ངོས་འཛིན་གོང་བུ་གཅིག་འགྲིལ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བཅས་ལག་བསྟར་བྱེད་དགོས། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་བྱེད་ཐབས་འཆར་ཟིན་གཉིས་ཀྱི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་དགོས་སྟེ། དེ་ནི་ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ས་ཁུལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་དང་རྒྱལ་གཅེས་རིང་ལུགས་པས་ཞང་ཀང་དང་ཨོ་མིན་སྐྱོང་བ་དངོས་འབེབས་བྱེད་པ་ཡིན་ལ། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་དར་རྒྱས་དང་གཏན་འཇགས་ཁག་ཐེག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཡོངས་སུ་མོས་མཐུན་ཡོད།
ཞིན་ཁྲང་ཞིན་གྱིས་བཤད་རྒྱུར། ས་གནས་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་སྐོར་གྱི་གསུང་བཤད་གལ་ཆེན་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དེ་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་རྒྱུན་འཁྱོངས་བྱེད་པ་འབུར་དུ་ཐོན་ཡོད་ལ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་མངོན་པར་བྱས་ཡོད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་མ་ཟད། ས་གནས་སྲིད་དབང་འཛུགས་བསྐྲུན་གྱི་ཉམས་མྱོང་གསར་བ་དང་གྲུབ་འབྲས་གསར་བ་སྤྱི་སྡོམ་དང་བསྡུ་ལེན་བྱས་ཡོད་པས། ས་གནས་སྲིད་དབང་ལས་ཁུངས་འཛུགས་བསྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུད་འདེད་གཏོང་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་དང་འདེམ་བསྐོའི་གནད་དོན་གྱི་ཐག་ཆོད་འཆར་ཟིན་གྱིས་དུས་རབས་གསར་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མི་དམངས་དམངས་གཙོ་ཡི་བླང་བྱ་ཡོངས་སུ་མངོན་ཡོད་ལ། མི་ཚང་མ་འདྲ་མཉམ་དང་ས་ཁུལ་འདྲ་མཉམ། མི་རིགས་འདྲ་མཉམ་སོགས་སྔར་ལས་བཟང་བོར་མངོན་ཐུབ་པས། རྒྱལ་ཡོངས་དམངས་ཆེན་འཐུས་མིའི་འདེམ་བསྐོ་བྱ་བར་བཅའ་ཁྲིམས་ཁག་ཐེག་འདོན་སྤྲོད་བྱེད་ཐུབ། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་བྱེད་ཐབས་འཆར་ཟིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཡོད་ལ། རྩ་ཁྲིམས་དང་། འདེམ་བསྐོའི་བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་མཐུན་ལ། ཞང་ཀང་དང་ཨོ་མིན་གྱི་དོན་དངོས་དང་མཐུན་པ་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་དང་རྒྱུན་རིང་སྐུད་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ང་ཡོངས་སུ་མོས་མཐུན་ཡོད།
ཀྲང་ཀོང་རོང་གིས་བཤད་རྒྱུར། ས་གནས་རྩ་འཛུགས་བཅས་ཁྲིམས་བཟོ་བཅོས་བྱས་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དངོས་འབེབས་བྱས་ཡོད་ལ། ཏང་གི་མགོ་ཁྲིད་ལ་ཤུགས་བསྣོན་དང་། ས་གནས་སྲིད་དབང་ལས་ཁུངས་ཀྱི་འཛུགས་བསྐྲུན་ཤུགས་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཁྲིམས་སྐྱོང་མ་ལག་འཛུགས་པའི་དོན་དངོས་དགོས་མཁོ་ཞིག་ཀྱང་ཡིན་པས། དགོས་གལ་ཧ་ཅང་ཆེ། རྒྱལ་ཡོངས་དམངས་ཆེན་གྱིས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ཤུགས་དྲག་བྱེད་པ། ས་གནས་ཀྱིས་ལག་བསྟར་བྱ་བ་ཞིབ་ཚགས་ཅན་ལས་པར་མཛུབ་སྟོན་བྱེད་དགོས། འཐུས་མིའི་མིང་ཐོ་དང་འདེམ་བསྐོའི་ཐག་གཅོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ལ། དོན་དངོས་བླང་བྱ་དང་འཕེལ་རྒྱས་གནས་བབ་ཀྱི་དགོས་མཁོ་དང་མཐུན། ཞང་ཀང་དང་ཨོ་མིན་གྱི་འདེམ་བསྐོའི་བྱེད་ཐབས་དེས་འཐུས་མི་བཟང་པོ་འདེམ་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡུན་རིང་བརྟན་པོ་ཡོང་བ་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཡོངས་སུ་མོས་མཐུན་ཡོད།
ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། བཟོ་བཅོས་འཆར་ཟིན་གྱིས་གནས་བབ་གསར་བ་དང་། གནས་ཚུལ་གསར་བར་བསྟུན་པ། གནད་དོན་གསར་བ་ཐག་གཅོད་པ་བཅས་དང་ཟུང་འབྲེལ་བྱས་ཡོད་ལ། ཚན་རིག་དང་མཐུན་ལ་སྒྲིག་གཞི་ཞིབ་མོ་ཡིན་པ། གཏན་ཚིགས་དམ་པོ་དང་ནང་དོན་འཛོམས་པོ་ཡིན་པས། ཡོངས་སུ་མོས་མཐུན་ཡོད།
ལིའུ་ཁྲའོ་ཡིས་བཤད་རྒྱུར། ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགོངས་དོན་གལ་ཆེན་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པ་དང་།ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ནན་མོ་བྱས་ཡོད་ལ། ས་གནས་སྲིད་དབང་འཛུགས་བསྐྲུན་གྱི་ཉམས་མྱོང་གསར་བ་དང་གྲུབ་འབྲས་གསར་བ་སྤྱི་སྡོམ་དང་བསྡུ་ལེན་བྱས་ཡོད་པ་དང་། ས་གནས་སྲིད་དབང་འཛུགས་བསྐྲུན་གྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་དང་བསྟུན་ཡོད་པས།མི་ཚང་མ་འདྲ་མཉམ་དང་ས་ཁུལ་འདྲ་མཉམ་།མི་རིགས་འདྲ་མཉམ་ཡིན་པ་སོགས་ཡོངས་སུ་མངོན་པར་བྱས་ཡོད། ཞང་ཀང་དང་ཨོ་མིན་གྱི་འདེམ་བསྐོའི་བྱེད་ཐབས་ཀྱི་འཆར་ཟིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་པ་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་དང་ཨོ་མིན་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་པ་ཇེ་བརྟན་དུ་བཏང་ཡོད་ལ། འབྲེལ་ཡོད་གཏན་འབེབས་གནས་བབ་གསར་བའི་འགྱུར་ལྡོག་དགོས་མཁོ་དང་འཚམ་པས། ཡོངས་སུ་མོས་མཐུན་ཡོད།
ཀྲང་ཞའོ་རོང་གིས་བཤད་རྒྱུར། ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགོངས་དོན་གལ་ཆེན་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པ་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཏན་ཁེལ་གཉིས་དང་སྲུང་སྐྱོབ་གཉིས་མངོན་པར་བྱས་ཡོད་ལ། ཏང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་རྒྱུན་འཁྱོངས་དང་། འཕེལ་རྒྱས་བརྒྱུད་རིམ་ཧྲིལ་བོའི་ཁྲོད་ཀྱི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་སྒྲིག་སྲོལ་ལེགས་བཅོས་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། བཟོ་བཅོས་འཆར་ཟིན་དང་། བཟོ་བཅོས་ཐག་ཆོད། བྱེད་ཐབས་གཉིས་ཀྱི་འཆར་ཟིན་སོགས་ལ་ཡོངས་སུ་མོས་མཐུན་ཡོད།
ཧན་ཞའོ་ཝུའུ། ཁྲིན་ལིས་ཧྥིན། མཱིན་ཧའེ། ཀྲང་ཡུང་ལིས། པད་རྒྱལ་བཀྲ་ཤིས། མཱ་ཧྥུའུ་ཁྲང་། མཱ་དབྱི་སི་ཧྥུའུ། པིས་ཧྲིན་ཀྲུང་། ཁུང་ཆིན་ཅུའུ། ཨ་ཧྲིན་ཆིན། ཧྲ་ཧྥིན། ཤ་བོ་སྒྲོལ་མ་སོགས་འཐུས་མིས་གཏམ་བཤད།
རིག་འཛིན་སྒྲོལ་མས་བསྒྱུར།