རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2022.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 128


ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པས་་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མཐོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོ་དང་ཚེས་དྲུག་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། འཐུས་མི་ཚོས་མཐའ་གཅིག་ཏུ། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཁྱོན་ཡོངས་ནས་བྱ་བར་སྤྱི་སྡོམ་བཟང་བོ་བྱས་པ་དང། གནས་བབ་ལ་དབྱེ་ཞིབ་གནད་ལ་འཁེལ་བ་བྱས་ལ། དམིགས་འབེན་གཏན་ཁེལ་ཐད་ནས་ཚན་རིག་དང་མཐུན་པའི་ཚུལ་བསྟན། གྲོས་ཞིབ་སྐབས་སུ། འཐུས་མི་ཚོས་ཀྱང་བསམ་འཆར་དང་གྲོས་གཞི་མང་པོ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་གྲོས་གཞི་ལ་ཞིབ་འཇུག་ནན་མོ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ལ་བཟོ་བཅོས་བྱས་པ་དང་འཐུས་ཚང་དུ་བཏང་ལ། བསྡོམས་པས་ནང་དོན་གོ་གཉིས་ལ་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་དང་སྙན་ཞུའི་བཟོ་བཅོས་གནས་ཚུལ་གཞིར་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་འཆར་ཟིན་ཚབ་འབྲི་བྱས། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུས་ཧྲའོ་ཧྲི་ཡིས་གྲོས་ཚོགས་ལ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་པ་དང་། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པེན་གྱིས་གྲོས་ཚོགས་ལ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2021ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2021ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2022ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་པའི་ཞོར་དུ། 2022ལོའི་ས་གནས་སྲིད་གཞུང་གི་བུ་ལོན་ལྷག་གྲངས་ཚད་སྒོར་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་མོ་ལྔ་ཁྲག་ཁྲིག་བརྒྱད་ཐེར་ཆེན་གཉིས་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་གཉིས་ཀྱི་མཚམས་སུ་བཀག་བཅད་བྱེད་པ་དང་། ཆེད་སྤྱོད་བུ་ལོན་གྱི་ལྷག་གྲངས་ཚད་སྒོར་རབ་བཀྲམ་གཉིས་དང་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་བརྒྱད་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་ལྔ་དང་ས་ཡ་བརྒྱད་ཀྱི་མཚམས་སུ་བཀག་བཅད་བྱེད་པར་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་གྲུབ་འབྲས་ཀྱི་སྙན་ཞུ་གཉིས་ལ་གྲོས་འཆམ་བྱུང་།

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོ་དང་ཚེས་བདུན་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་ཞིབ་བཤེར་གྲོས་གཞི་ལྟར། སོ་སོར་སྙན་ཞུ་གཉིས་ལ་བཟོ་བཅོས་ནན་མོ་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་ཞིབ་བཤེར་གྲོས་གཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་པའི་བཟོ་བཅོས་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་གྲུབ་འབྲས་ཀྱི་སྙན་ཞུ་ལྟར། འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། འཆར་འགོད་སྙན་ཞུ་དང་འཆར་འགོད། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་སྐོར་གྱི་ཆོད་དོན་འཆར་ཟིན་ཚབ་འབྲི་བྱས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་འཆར་ཟིན། 2021ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་ཐབས་འཆར་ཟིན། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་སྐོར་གྱི་བྱེད་ཐབས་འཆར་ཟིན་བཅས་ལ་གྲོས་ཞིབ་ནན་མོ་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་གྲོས་གཞི་ལྟར། འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས་པ་དང་། སོ་སོར་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གཅིག་དང་། ཆོད་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གཅིག བྱེད་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གཉིས་བཅས་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་དང་འདེམ་བསྐོ་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་པའི་སྐོར་གྱི་བྱེད་ཐབས་འཆར་ཟིན། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་འཆར་ཟིན་གྱི་གྲོས་ཞིབ་གྲུབ་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གྲོས་ཞིབ་གྲུབ་འབྲས་ཀྱི་སྙན་ཞུ་བཞི་དང་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གཅིག ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གཅིག བྱེད་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གཉིས་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད། བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན། ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། བྱེད་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གཉིས་བཅས་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རིན་ཆེན་མཚོས་བསྒྱུར།