མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2022.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 87

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིན་སོགས་འཐུས་མིས་གཏམ་བཤད། ཀྲང་ཀོང་རོང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད། ལི་ཅེ་ཞང་དང་ཝང་དབྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ནས་གཏམ་བཤད། ཀྲང་ཙི་ཅུན་དང་། ཀྲ་ཆིན་ཅུག་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་གཏན་ཁེལ་གཉིས་སྲུང་སྐྱོབ་དང་། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་དེ་བྱ་བའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། ཏང་བཙུགས་ནས་ལོ་བརྒྱ་ལོན་པ་མགོ་ཚུགས་ས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་བཀོད་ནས། ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོའི་དབང་ཟིལ་བརྗིད་ཉམས་ཡོངས་སུ་མངོན་པར་བྱས་ཡོད། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་ཆེས་མཐོའི་ཁྲིམས་ལུགས་གོ་གནས་དང་། ཁྲིམས་ལུགས་དབང་ཟིལ། ཁྲིམས་ལུགས་ཕན་ནུས་བཅས་གོ་གནས་དང་པོར་བཞག་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རྩ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་ཁག་སྐུལ་འདེད་གཏོང་ཐུབ་པ་ལག་ལེན་གྱིས་བདེན་དཔང་བྱས་ཡོད་ལ། རྒྱལ་ཁབ་ལས་དོན་ཁག་ཁྲིམས་ལུགས་ལམ་ཆེན་སྟེང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཐུབ་པ་མངོན་འགྱུར་བྱེད་ཐུབ། ཁྲིམས་འཛུགས་བཟོ་བཅོས་དང་ལྟ་སྐུལ་བྱ་བ་དེ་དཀྱིལ་སྙིང་སྤྱི་ཡོངས་ལ་ཞུབས་འདེགས་ཞུ་བའི་འགན་འཁྲི་རུ་བརྩིས་ཏེ། ཁྲིམས་ལེགས་པོ་དང་བཅོས་སྐྱོང་བཟང་པོ་བྱེད་པ་གཉིས་གཅིག་གྱུར་ཡོང་བ་བྱས་ནས། ཁྲིམས་ལེགས་པོ་བཙུགས་པ་དང་། ལེགས་བཅོས་བྱེད་པར་འགན་སྲུང་། འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་ཡིད་ཚིམ་པར་བྱེད་པའི་གྲུབ་འབྲས་ཡག་པོ་བླངས་ཡོད། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པ་དེ་ཁྱད་ཆོས་མངོན་གསལ་དང་། འཐུས་མིའི་ནུས་པ་འདོན་སྤྲོད་བྱས་ཏེ། མི་དམངས་ཀྱི་གཙོ་གཞིའི་གོ་གནས་ཇེ་དྲག་ཏུ་བཏང་ཡོད་ལ། ཆེས་ཁྱབ་ཆེ་ཞིང་། ཆེས་ངོ་མ་ཡིན་པ། ཆེས་གོ་ཆོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་མཚོན་པར་བྱས་ཡོད། ཕྱི་ནང་ཟུང་འབྲེལ་བྱེད་རྒྱུ་དེ་དམངས་ཆེན་བྱ་བའི་རྣམ་པ་གསར་བ་བསྐྲུན་པའི་གཙོ་གནད་དུ་བྱས་ཏེ། མཛའ་མཐུན་འབྲེལ་བ་རྒྱ་ཆེར་བཙུགས་ནས། འཛམ་གླིང་ཡོངས་ལ་ཀྲུང་གོའི་བསྐྱོད་ལམ་དང། ཀྲུང་གོའི་ལམ་ལུགས། ཀྲུང་གོའི་བྱས་རྗེས་སོགས་མངོན་པར་བྱས་ཡོད་ལ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་མངོན་པའི་སྙན་ཞུ་བཟང་བོ་ཞིག་རེད། ཡོངས་སུ་མོས་མཐུན་ཡོད། སྙན་ཞུའི་བཀོད་སྒྲིག་བླང་བྱ་ལྟར་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་རྒྱུ་ཡིན།

ཞིན་ཁྲང་ཞིན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕིང་དཀྱིལ་སྙིང་དུ་འཛིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཀྱིལ་སྙིང་དང་། སྤྱི་ཡོངས་ཞབས་ཞུ་ལ་དམིགས་ཏེ། ཁྲིམས་ལྟར་འགན་སྒྲུབ་དང་། བྱེད་ཕྱོགས་ཁག་ཁུར་བྱས་ཡོད། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་གསལ་བོར་མངོན་པར་བྱས་ཏེ། རྩ་ཁྲིམས་དབང་ཟིལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་སྔར་ལས་ལེགས་བཅོས་དང་། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་ནས། དམངས་ཆེན་འཐུས་མིས་མི་དམངས་ལ་འབྲེལ་འདྲིས་དང་། མི་དམངས་ཀྱི་ཚབ་བྱེད་པ། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལོའི་བྱ་བའི་སྙན་ཞུ་ལས། གཏན་ཁེལ་གཉིས་སྲུང་བ་དང་། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་མངོན་པར་བྱས་ཡོད་ལ། ལམ་ལུགས་ཡིད་ཆེས་བརྟན་པོ་དང་། ལོ་རྒྱུས་རང་རྟོགས་ཡོངས་སུ་མངོན་ཡོད། དུས་རབས་གསར་བའི་དམངས་ཆེན་བྱ་བ་དེ་ཏང་དང་རྒྱལ་ཁབ་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆབ་སྲིད་འགན་འཁྲི་དང་། ཁྲིམས་སྐྱོང་དགོངས་པ། མི་དམངས་ཀྱི་ལངས་ཕྱོགས་བཅས་ལེགས་པོར་བསྟན་ཡོད། ང་ཚོས་སྔར་ལས་རང་རྟོགས་དང་། སྔར་ལས་འགྱུར་མེད་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་སྲུང་སྐྱོབ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། རང་འགུལ་གྱིས་ལྟ་སྐུལ་དང་ལེན་དང་། རྩ་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་དགོངས་པས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་དང་འགན་སྲུང་བྱེད་རྒྱུ་ཡིན།

ཀྲང་ཀོང་རོང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དེ་ལ་ལངས་གནས་མཐོན་པོ་དང་། གནས་སྟངས་ཆེན་པོ། བསམ་གཞིགས་ཟབ་མོ་ལྡན་པས། ཡོངས་སུ་མོས་མཐུན་ཡོད། གཅིག  ཆབ་སྲིད་གླེང་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྤྱི་འདོམས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་བློ་དཀར་གྱིས་ལག་བསྟར་བྱས་ཡོད། གཉིས། སྤྱི་ཡོངས་གཙོ་གནད་དུ་བཞག་སྟེ།  རང་རྟོགས་སྒོས་དམངས་ཆེན་བྱ་བ་ཏང་ཡོངས་དང་། རྒྱལ་ཡོངས་སྤྱིའི་ལས་དོན་གྱི་གནས་ས་དང་། འཆར་འགོད། བྱེད་ཕྱོགས་ཁྲོད་འདྲེས་པར་བྱས་ཡོད། གསུམ། ཁག་ཁུར་སྤོབས་པ་ལྡན་ཏེ། རང་འགུལ་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་འགན་སྲུང་བྱེད་པའི་རྗེས་སུ་འབྲང་ཡོད། བཞི། གསར་གཏོད་གཙིགས་སུ་བཟུང་སྟེ།  བཅོས་བསྒྱུར་གསར་གཏོད་ཀྱིས་བྱ་བར་སྐུལ་འདེད་བཏང་ནས་རྣམ་པ་གསར་བ་བཏོད་ཡོད། ལྔ། དམངས་གཙོ་གཙོར་བཞག་སྟེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འཕེལ་རྒྱས་ལ་རྐང་བཙུགས་ནས། འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་བསྐྱེད་ཡོད། དྲུག  རང་སྟེང་འཛུགས་བསྐྲུན་ཇེ་དྲག་ཏུ་བཏང་ནས། ཞབས་ཞུ་དང་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་གཙོར་བསྟན་ཞིང་། དངོས་ཐོག་བདེན་འཚོལ་དང་། དྲང་བཞག་གསར་གཏོད། མི་ལ་ངར་ཤུགས་བསྐྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། མདོར་ན་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་ཁྲིམས་འཛུགས་བྱ་བའི་སྤུས་ཚད་ཕན་འབྲས་མཐོ་ལ། བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ནས། ཁྲིམས་སྐྱོང་འཛུགས་བསྐྲུན་ལ་སྐུལ་འདེད་ཀྱིས་གོམ་པ་གསར་བ་སྤོས་ཏེ། ཡང་བསྐྱར་སྐས་རིམ་གསར་བར་སླེབས་ཡོད། གཉིས་ནི་མི་དམངས་ཀྱིས་དོ་སྣང་བྱེད་ཡུལ་ལ་བརྡ་ལན་སྤྲད་དེ། དམངས་ཚིས་ལ་ཤུགས་སྣོན་སོགས་ཁྱབ་ཁོངས་གལ་ཆེན་དུ་ཁྲིམས་འཛུགས་གང་ལེགས་བྱས་ཡོད། གསུམ་ནི། ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ཡོད་པ་བཅས་རེད།

ལི་ཅེ་ཞང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དར་ཆ་མཐོན་པོར་བསྒྲེངས་པ་དང་། ལྟེ་བར་སྲུང་སྐྱོབ། མི་དམངས་ལ་བརྩེ་བ། དཀྱིལ་སྙིང་འབུར་ཐོན་བྱས་ཡོད་ལ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དུས་བསྟུན་མདུན་བསྐྱོད་བྱེད་ཐུབ་པ་གསལ་བོར་བསྟན་ཡོད། འབད་འཐབ་ཀྱི་བསྐྱོད་ལམ་གསར་བའི་སྟེང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་འདོན་སྤེལ་ལེགས་པོ་བྱེད་རྒྱུ་དེ་ཏང་གི་མགོ་ཁྲིད་འོག་གི་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་ལམ་ལུགས་ཀྱི་བྱེད་ནུས་གལ་ཆེན་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་བྱེད་ནུས་གལ་ཆེན་དུ་བཞག་ནས། ཁྲིམས་ལྟར་འགན་སྒྲུབ་ནན་མོ་བྱས་ཏེ། དོན་དངོས་འགུལ་སྐྱོད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཧན་ཞའོ་ཝུའུ། ཁྲིན་ལིས་ཧྥིན། ཧྲ་ཧྥིན། ཀྲང་ཡུང་ལིས། མཱ་དབྱི་སི་ཧྥུའུ། ཁུང་ཆིན་ཅུས། ཤ་བོ་སྒྲོལ་མ། མཱིན་ཧའེ། དཔལ་རྒྱལ་བཀྲ་ཤིས། མཱ་ཧྥུའུ་ཁྲང་། པིས་ཧྲིན་ཀྲུང་། ཨ་ཧྲིན་ཆིན་སོགས་འཐུས་མིས་གཏམ་བཤད།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།